མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་རྒྱ་རིགས་ལས་བྱེད་པར་བོད་ཡིག་སྦྱང་བའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བཙུགས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-16 10:54

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་སྐད་གོ་བ་དང་། ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པར་མཁས་བ། མང་ཚོགས་ཀྱི་བྱ་བ་སྒྲུབ་ཤེས་པའི་གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་བར་བསམ་བློ་བརྗེ་རེས་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་དགེ་རྒན་གསོ་སྦྱོང་ལྟེ་གནས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རྒྱ་རིགས་ལས་བྱེད་པར་བོད་ཡིག་སྦྱོང་བའི་དཔེ་སྟོན་གསོ་སྦྱོང་སྤེལ་བའི་འཛིན་གྲྭ་བཙུགས། ཐེངས་འདིའི་གསོ་སྦྱོང་བྱ་བ་དེ་དུས་ཡུན་ཉིན30རིང་ལ་བསྡོམས་པས་མི40ལ་གསོ་སྦྱོང་བྱས་ཡོད་དེ། གསོ་སྦྱོང་གི་གྲུབ་འབྲས་ཡག་པོ་བླངས་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག