མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་དང་ཧུའུ་པེ་ཁེ་ལས་བར་ཀྱི་འཐུས་མིས་ཚོང་འགུག་དངུལ་འདྲེན་སྐོར་གྱི་ཇུས་གཞི་གྲོས་མོལ་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-16 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས12ཉིན། བོད་ལྗོངས་ལྷོ་ཁ་ས་ཁུལ་དཔལ་འབྱོར་མཉམ་ལས་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བ་དང་ཧུའུ་པེ་ཞིང་ཆེན་གྱི་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པ་གཉིས་ཀྱིས་རྩེ་ཐང་གྲོང་རྡལ་དུ་ཚོང་འགུག་དངུལ་འདྲེན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དངུལ་གཏོང་སྐོར་གྱི་འབྲེལ་ཡོད་ཉམས་མྱོང་བརྗེ་རེས་བྱས།

ཐེངས་འདིའི་གྲོས་མོལ་ཚོགས་འདུ་སྐབས་སུ་ལྷོ་ཁ་ས་ཁུལ་གྱི་ཞིང་ཕྱུགས་ལས་དང་། གནས་སྐོར། བོད་སྨན། མི་རིགས་ལག་རྩལ་ལས་རིགས། གཏེར་ཁུངས་ཐོན་ལས་བཅས་ཀྱི་ཐོན་ཁུངས་ཕུལ་བྱུང་ལ་དམིགས་ཏེ། ཞོག་ཁོག་ལ་ལས་སྣོན་བྱེད་པ་དང་། སྟར་ཁའི་ལྟེ་གནས་འཛུགས་སྐྲུན། སྐར་མ་ལྔ་རིམ་པའི་མགྲོན་ཁང་འཛུགས་སྐྲུན། གྲི་གུ་མཚོའི་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན། བོད་སྨན་འདེབས་འཛུགས་ལྟེ་གནས་འཛུགས་སྐྲུན། བོད་སྤོས་ལས་སྣོན་དང་། ལྷོ་ཁའི་མི་རིགས་ལག་རྩལ་ཐོན་རྫས་གསར་སྤེལ་སོགས་ཀྱི་བྱ་བར་གྲོས་མོལ་བྱས། ཚོགས་འདུ་ལས་རང་སྐྱོང་ལྗོངས་དང་ལྷོ་ཁ་ས་ཁུལ་གྱི་ཚོང་འགུག་དངུལ་འདྲེན་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་བ་ལས་ཧུའུ་པེ་ཁེ་ལས་པས་མཐོང་ཆེན་གནང་།

ཉེ་བའི་ལོ་འགའི་རིང་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྒྱབ་སྐྱོར་དང་། ལྷོ་ཁ་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་འོག ལྷོ་ཁ་ས་ཁུལ་གྱི་ཚོང་འགུག་དངུལ་འདྲེན་བྱ་བར་ཡུན་རིང་གི་འཕེལ་རྒྱས་བྱུང་། ལོ་བཅུའི་རིང་ལ། ལྷོ་ཁ་ས་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར72ལེགས་འགྲུབ་བྱུང་ཞིང་། ཚོང་འགུག་དངུལ་འདྲེན་ཁེ་ལས་ཀྱིས་དཔྱ་ཁྲལ་སྒོར་དུང་ཕྱུར30ཙམ་ཡར་སྤྲོད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག