མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཀྱི་བདག་སྐྱོང་བ་ལས་རིགས་ཅན་དུ་འགྱུར་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-14 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱི་དུས་ཐེངས་དང་པོའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པའི་བདག་སྐྱོང་བ་དང་རྒན་གསོའི་བདག་སྐྱོང་བའི་དམའ་རིམ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་གསལ་བྱེད་འཛིན་གྲྭ་སློབ་འགོ་ཚུགས་པ་དེས་རང་ལྗོངས་ཀྱི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པའི་བདག་སྐྱོང་བ་དང་རྒན་གསོའི་བདག་སྐྱོང་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་གསལ་འབྱེད་ལས་དོན་ཕྱོགས་ཡོངས་ནས་ལས་བསྟར་བྱེད་པའི་དུས་མཚམས་དང་། བདག་སྐྱོང་བའི་ལས་རིགས་དེ་ཆེད་ལས་ཅན་གྱི་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་མཚོན་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་པའི་སློབ་གཉེར་བ་ནི་རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)7གྱི་བྱིས་པའི་ཕན་བདེ་ཁང་གི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པའི་བདག་སྐྱོང་བ་དང་རང་ལྗོངས་ཀྱི་རྫོང(ཆུས)ཕལ་ཆེ་བའི་སྤྱི་ཚོགས་ཕན་བདེ་ཁང་། ཤང་དང་གྲོང་རྡལ་རྒན་བཀུར་ཁང་གི་རྒན་གསོའི་བདག་སྐྱོང་བ་ཡིན་ཞིང་། ཁྱོན་མི་གྲངས146ཡོད་པ་རེད། གསོ་སྦྱོང་དུས་ཡུན་ཉིན7ཡིན་པ་དང་། སློབ་གཉེར་བ་རྣམས་བདག་སྐྱོང་བའི་རིག་གཞུང་ཤེས་བྱ་སྦྱོང་དགོས་ལ་ལག་ལེན་དངོས་ནང་ཞུགས་དགོས་ཀྱི་ཡོད་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་རིག་གཞུང་ཡིག་རྒྱུགས་དང་བཀོལ་སྤྱོད་ཀྱི་དཔྱད་ཞིབ་བྱ་རྒྱུ་དང་ཚད་གཞི་ལོན་པའི་སློབ་མར་ལས་རིགས་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ལ་དམངས་སྲིད་པུའི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་པ་དང་། དམངས་སྲིད་པུས་གསོ་སྦྱོང་གི་གྲོན་དངུལ་ཆེད་མངགས་བཏང་བ་མ་ཟད། ལས་དོན་ཚོགས་ཆུང་བོད་དུ་མངགས་ནས་ཁྲིད་སྟོན་ཡང་གནང་བ་རེད། གཞན་ཡང་། དམངས་སྲིད་པུས་ཁྲེང་ཏུའུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་ཧུའུ་ནན་ཁྲང་ཧྲའི་དམངས་སྲིད་ལས་རིགས་ལག་རྩལ་སློབ་གླིང་། ཀོང་ཏུང་ཞིང་ཆེན་སྤྱི་ཚོགས་ཕན་བདེ་ཞབས་ཞུའི་ལྟེ་གནས། ཀོང་ཤིས་སྤྱི་ཚོགས་ཕན་བདེ་ཞབས་ཞུའི་ལྟེ་གནས་བཅས་ནས་གསོ་སྦྱོང་དགེ་རྒན6འདེམས་མངགས་བྱས་ཏེ་རང་ལྗོངས་ཀྱི་བདག་སྐྱོང་བར་སློབ་ཁྲིད་བྱས་ཤིང་། དཔྱད་ཞིབ་བྱེད་མཁན9རང་ལྗོངས་སུ་བདག་སྐྱོང་བའི་ལས་རིགས་ཐོབ་ཐང་ངོས་འཛིན་ཁས་ལེན་གྱི་ལས་དོན་སྤེལ་བར་མངགས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག