མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ཀྱིས་སྐྲུན་བཞིན་པའི་ལས་གྲྭའི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-09-14 10:27

ཀྲུང་གོའིོ་བོད་ཀྱི་དྲ་བའི་འཕྲིན། ཨར་ལས་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་གཏིང་ཟབ་དང་ཚད་ལྡན་ཡོང་བ་བྱས་ནས་ཨར་ལས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ཐོག་བདེ་འཇགས་ཀྱི་ལས་འཛོལ་འགོག་ཟོན་དང་ཚོད་འཛིན་ནུས་ལྡན་བྱ་ཆེད། ཉེ་དུས་མངའ་རིས་ས་ཁུལ་སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་རྫོང་བདུན་དང་དེ་བཞིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་སྐྲུན་བཞིན་པའི་ལས་གྲྭ་ཡོངས་ཀྱི་སྤུས་ཚད་དང་དེ་བཞིན་ཁྲོམ་ར་སོགས་ལ་ཕྱོགས་བསྡུས་ཀྱིས་ཞིབ་བཤེར་ཆེན་པོ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཞིབ་བཤེར་བྱེད་རིང《རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཚད་གཞིའི་འཆར་འགོད་པར་རིས》དང《འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་སྲོལ་ཡིག》སོགས་ཁྲིམས་སྲོལ་གཞིར་བཟུང་ས་ཁུལ་དེ་ཡོངས་ཀྱི་སྐྲུན་བཞིན་པའི་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་དང་། ལས་གྲྭའི་སྤུས་ཚད། འགན་འཁྲིའི་གཙོ་གཟུགས་ཁྲོམ་ར་སོགས་ལ་ཁྱོན་ཡོངས་ནས་ཞིབ་ཚགས་པའི་གྲལ་བཤེར་བྱས་པ་དེ་ཁྱོན་རྣམ་གྲངས59ལ་ཁྱབ་ཡོད། ཞིབ་བཤེར་བྱེད་རིང་གནས་པའི་གནད་དོན་ལ་གཞིགས་ནས་ལས་དོན་རུ་ཁག་གིས་ཨར་སྐྲུན་ཚན་པ་དང་ལྟ་སྐུལ་དོ་དམ་ཚན་པར་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ་༣བཏང་བ་དང་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོ54བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག