མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་བརྒྱ་ཆའི80ཡན་གྱི་བོད་སྐྱོར་མ་དངུལ་དམངས་འཚོ་ལེགས་བཅོས་ཐད་བཀོལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-09-14 10:26

བོད་ལྗོངས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་བརྙན་འཕྲིན་ཁ་པར་གྲོས་ཚོགས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཆོན་ཀོ་ཡིས། བོད་རང་སྐྱོང་ལྗོངས་བོད་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འགན་འཁྲི་གསལ་གཏན་དང་། བྱེད་ཐབས་ཞིབ་ཕྲ། ལས་འགན་ཁག་བགོས་བཅས་བྱས་ཏེ། མཐུན་སྦྱོར་ལ་ཤུགས་སྣོན་དང་། ཞིབ་བཤེར་ལ་ལྟ་སྐུལ་སློབ་སྟོན་བྱེད་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་རམ་འདེགས་ལ་བརྟེན་ནས་བོད་སྐྱོར་འཆར་འགོད་དང་། རྣམ་གྲངས་བཀོད་སྒྲིག མཉམ་ལས་འབྲེལ་འདྲིས་ལ་སོགས་པའི་ལས་ཀ་ཁག་ལེགས་པོ་བསྒྲུབ་དགོས། བོད་སྐྱོར་ཐོབ་མཁན་གྱི་གྲོང་ཁྱེར་དང་། ས་གནས། རྫོང་། ཁུལ་བཅས་ཀྱིས་གཅིག་ལ་གཅིག་སྦྲེལ་གྱིས་འོས་འགན་ལག་བསྟར་ཁུར་དུ་བླངས་ཏེ། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་དང་། ཕན་དངོས་འདོགས་པར་སྐུལ་འདེད་བྱེད་དགོས་ཞེས་བསྟན།

ཅི་ལིན་ཞིང་ཆེན་གྱི་རོགས་སྐྱོར་བྱས་ནས་བསྐྲུན་པའི་གཞིས་ཀ་རྩེའི་ས་ཁུལ་བུ་བཅོལ་ཁང་།
ཧྲང་ཧའེ་གྲོང་ཁྱེར་གྱིས་རོགས་སྐྱོར་འོག་བསྐྲུན་པའི་ལྷ་རྩེ་རྫོང་ཞིང་ལས་དཔེ་སྟོན་ར་བ།

ཁྲེན་ཆོན་ཀོ་ཡིས། ཀྲུང་དབྱང་གི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ལམ་ཕྱོགས་སྲིད་ཇུས་དང་། དམིགས་འབེན་འོས་འགན་གཏན་འཁེལ་བྱས་ཟིན། གནད་འགག་ནི་རམ་འདེགས་ལེགས་པོ་དང་། རང་འགུལ་གྱིས་སྦྲེལ་མཐུད་བྱེད་པ་དང་། སྒྲིག་འཛུགས་ཞིབ་མོ་དང་། ལག་བསྟར་དམ་འཛིན་བཅས་བྱས་ཏེ་ལས་ཀ་ཁག་གི་འོས་འགན་ཏན་ཏིག་ངང་སྐུལ་སྤེལ་བྱས་ནས་ཕན་འབྲས་ལོན་རྒྱུ་དེ་ཡིན་པ་མ་ཟད། དཔལ་འབྱོར་བོད་སྐྱོར་ལ་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། བོད་སྐྱོར་མ་དངུལ་རྣམ་གྲངས་ཀྱི་དོ་དམ་འོས་འགན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྒྱ་ཆའི80ཡན་གྱི་བོད་སྐྱོར་མ་དངུལ་དེ་དམངས་འཚོ་ལེགས་བཅོས་ཐད་བཀོལ་པར་ཁག་ཐེག་བཅས་བྱས་ནས་བོད་སྐྱོར་རྣམ་གྲངས་སྦྲེལ་མཐུད་ལ་ཤུགས་སྣོན་དང་སྐུལ་སྤེལ་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

 
ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་ཐོག་འཛུགས་སྐྲུན་བྱས་པའི་གཞིས་ཀ་རྩེ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དངོས་སྦྱོང་ཐོག་ཁང་།

བོད་སྐྱོར་ལོ20རིང་ལ། ཁ་གཏད་བོད་སྐྱོར་ལས་ཁུངས་ཁག་གིས་སྔ་རྗེས་སུ་བོད་སྐྱོར་མ་དངུལ་ཁྱོན་སྡོམ་སྒོར་དུང་ཕྱུར260དོན་འཁྱོལ་བྱས་པ་དང་། བོད་སྐྱོར་རྣམ་གྲངས7615ལག་བསྟར་བྱས། བོད་ཀྱི་དམངས་འཚོར་རོགས་སྐྱོར་དང་། དམངས་འཚོ་ལེགས་བཅོས་རྒྱུན་འཁྱོངས་བྱེད་པ་གཟེངས་སུ་བཏོད་དེ། བོད་སྐྱོར་མ་དངུལ་རྣམ་གྲངས་དེ་གཞི་རིམ་དང་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་སུ་བཀོལ་པས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་ཡོད་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག