མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་གྱིས་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གྱོད་དོན14ཕྱིར་བསྒྲགས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2014-09-14 10:26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་དྲ་བས་བསྒྲགས་པའི་འཕྲིན་དུ། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཉིན་དེར་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་དོན14ཕྱིར་བསྒྲགས།

བོད་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་དོན་༩བསྒྲགས་པ་ནི། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ། ཤང་ཀྲང་ཚུལ་ཁྲིམས་ཀྱིས་གཞུང་དངུལ་སྤྱད་དེ་རྒྱས་བཟའ་རྒྱས་བཏུང་བྱས་པར་ཏང་ནང་དུ་ཉེན་སྐུལ་གྱི་ཆད་པ་བཅད་པ་དང་། ཉིང་ཁྲི་ས་ཁུལ་སྨིན་གླིང་རྫོང་ཞིང་རའི་ཏང་ཨུད་ཧྲུའུ་ཅི་གཞོན་པ། ཁྲང་ཀྲང་གཞོན་པ་ཆུང་བདག་ཚེ་རིང་གིས་ལས་ཀའི་སྒྲིག་ལམ་དང་འགལ་བར་ཏང་ནང་ཉེན་སྐུལ་གྱི་ཆད་པ་བཅད། སྨིན་གླིང་རྫོང་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱི་ཀྲུའུ་རེན་ཁའོ་ཡོན་ནམ་ཅུས་ཀྲང་གཞོན་པ་ཟླ་བ་དོན་འགྲུབ་ཀྱིས་ལས་ཀའི་སྒྲིག་ལམ་དང་འགལ་བར་ཏང་ནང་དུ་ལྟ་རྟོག་བྱེད་པ་དང་། སྲིད་འཛིན་ལས་ཀ་ལས་དབྱུང་པའི་ཆད་པ་བཅད། རྫ་ཡུལ་རྫོང་ཞིང་ཕྱུགས་ཅུས་ཀྱི་ཕྱུགས་ནད་སྔོན་འགོག་ས་ཚིགས་ཀྱི་ཆེད་ལས་ལག་རྩལ་པ་དངོས་གྲུབ་ལས་ཀའི་སྒྲིག་ལམ་དང་འགལ་བར། ཏང་ནང་ཉེན་སྐུལ་གྱི་ཆད་པ་བཅད། ནག་ཆུ་ས་ཁུལ་གྱི་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཀང་དང་ལས་བྱེད་པ་ནུང་པེན་གཉིས་ཀྱིས་གཞུང་དངུལ་སྤྱད་དེ་རྩེད་འཇོའི་བྱེད་སྒོར་རོལ་པར་སྲིད་འཛིན་ཉེན་སྐུལ་གྱི་ཆད་པ་བཅད། ནག་ཆུ་རྫོང་ཤོ་མོང་ཤང་གི་ཤང་ཀྲང་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་གཞུང་དངུལ་སྤྱད་དེ་རྩེད་འཇོར་རོལ་པར་སྲིད་འཛིན་ཐོ་འགོད་ཀྱི་ཆད་པ་བཅད། ནག་ཆུ་རྫོང་ལྷ་སའི་དོན་གཅོད་ཁང་གི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གཞུང་དངུལ་སྤྱད་དེ་རྩེད་འཇོའི་བྱེད་སྒོར་རོལ་པར་སྲིད་འཛིན་ཉེན་སྐུལ་གྱི་ཆད་པ་བཅད་འདུག

མཚོ་སྔོན་ཞིང་ཆེན་གྱིས་བརྡ་ཡིག་བཀྲམས་པའི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་དོན་གསུམ་ནི། 2014ལོའི་ཟླ7པའི་ཚེས4ཉིན། ཞིང་ཆེན་དང་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་མཉམ་འབྲེལ་ཞིབ་བཤེར་བྱེད་དུས། མགོ་ལོག་ཁུལ་བོད་ཡིག་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཀྲང་ཅིན་ཏུ་ཡིས་ལས་ཀའི་བབ་ཏུ་བསྟུན་ནས་དྲ་ལམ་དུ་བརྙན་གཟུགས་ལ་བལྟ་བཞིན་པ་མཐོང་པས། བརྡ་ཡིག་བཀྲམས་ནས་སྐྱོན་བརྗོད་བྱས། 2014ལོའི་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར། མགོ་ལོག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་དང་རུལ་སུངས་ལ་ངོ་རྒོལ་ལས་དོན་གྱི་ཆེད་དོན་ཞིབ་བཤེར་བྱེད་དུས། པདྨ་རྫོང་བཅོས་སྒྱུར་དང་ཚོང་དོན་ཅུས། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུས། རྫོང་དམངས་སྲིད་ཅུས། རྫོང་དྲིལ་སྒྲོག་པུའུ། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་སྲིད་གྲོས་གཞུང་ལས་ཁང་སོགས་ལས་ཁུངས6གིས་གཞུང་འཁོར་ལ་རྟགས་བྱང་སྦྱར་མེད་པ་མཐོང་པས། བརྡ་ཡིག་བཀྲམས་ནས་སྐྱོན་བརྗོད་བྱས། 2014ལོའི་ཟླ8པའི་ཚེས20ཉིན། ཟི་ལིང་གྲོང་ཁྱེར་གྲོང་དཀྱིལ་ཆུས་ནན་ཁྲོན་ལྷོ་ལམ་གྱི་གྲོང་ཁྱེར་དོ་དམ་ཡག་ལག་རུ་ཁག་གི་ལས་བྱེད་པ13ཀྱི་གཞུང་ལས་སྐབས་སུ་སྤྲོ་གསེང་ར་བར་བཟའ་བཏུང་སྤྱད་འདུག དེར་འགོ་ཁྲིད་ཀྱི་འགན་ཁུར་ཡོད་པའི་གྲོང་དཀྱིལ་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡང་ཧེ་ལུང་ལ་གོ་བསྐོན་ཁ་བརྡ་བྱས་པ་དང་། ཐད་ཀའི་འགོ་ཁྲིད་ཀྱི་འགན་ཁུར་ཡོད་པའི་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་སུང་ཐའོ། ཆུས་གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་རུ་ཆེན་གྱི་རུ་གཙོ་གཞོན་པ་ཐིན་ཀྲི་ཀང་བཅས་ལ་བརྡ་ཡིག་བཀྲམས་ནས་སྐྱོན་བརྗོད་གནང་། ཆུས་གྲོང་ཁྱེར་དོ་དམ་ལས་དོན་ལ་མཐུན་སྦྱོར་འབྲེལ་འདྲིས་བྱེད་པའི་ཆུས་ཏང་ཨུད་ཀྱི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མྰ་ཁྲའོ་ཡུན། གྲོང་ཁྱེར་དོ་དམ་ལས་དོན་ལ་བྱེ་བྲག་འགན་ཁུར་མཁན་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་ལི་ཆིང་ཅོན་གྱིས་ཆུས་ཏང་ཨུད་ལ་ཡིག་ངོས་ཞིབ་བཤེར་གནང་། ཆུས་གྲོང་ཁྱེར་དོ་དམ་ཆུས་ཀྱི་འགོ་ཁྲིད་དཔུང་སྡེས་ཆུས་ཏང་ཨུད་དང་། ཆུས་སྲིད་གཞུང་ལ་ཡིག་ངོས་ཞིབ་བཤེར་གནང་། གྲོང་དཀྱིལ་ཆུས་ཀྱི་གནད་དོན་འདིའི་ཐད་ཀའི་འགན་ཁུརཔར་ཐག་གཅོད་ནན་མོ་བྱེད་པར་སྐུལ་བ་མ་ཟད། ཆུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལ་སྙན་ཞུ་ཕུལ་ནས་གྲོང་དཀྱིལ་ཆུས་འགོ་ཁྲིད་དཔུང་སྡེའི་ལོ་འཁོར་གྱི་སྔོན་ཐོན་སྤུས་ལེགས་དཔྱད་འདེམས་ལ་ཞུགས་པའི་ཐོབ་ཐང་མེད་པར་བཏང་།

སི་ཁྲོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོན་དོན༢ལ་བརྡ་ཡིག་བཀྲམས་པ་ནི། རྔ་བ་ཁུལ་འབར་ཁམས་རྫོང་ཕྱུགས་འབྲོག་ཕྱུགས་སྨན་ཅུས་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སའོ་ཡི་ལས་བྱེད་པ་དབང་པོ་བློ་ལྡན་གྱིས་གཞུང་ལས་སྐབས་སུ་ཇ་ཁང་དུ་ཇ་བཏུང་པ་པར་སྲིད་འཛིན་ཐོ་འགོད་ཀྱི་ཆད་པ་བཅད། ཕན་ཀྲི་ཧྭ་གྲོང་ཁྱེར་རིང་ཧི་ཆུས་ཨ་ལ་ཤང་ཡུང་ཧྥུ་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་ལྦིན་ལྦེ་ཡིས་སྒྲིག་འགལ་ལྟར་གཉེན་སྟོན་བཤམས་པར། ཏང་ནང་ཉེན་སྐུལ་གྱི་ཆད་པ་བཅད་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག