མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཨ་མདོ་བྱམས་པ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་གྱི་རི་མོ་འགྲེམ་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-14 10:25

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག
སྒྲོལ་མ་དཀར་མོ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་ནས་ཚེས་བཅོ་ལྔ་བར། བོད་ཀྱི་མིང་དུ་གྲགས་པའི་རི་མོའི་མཁས་དབང་ཨ་མདོ་བྱམས་པ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་རི་མོའི་བརྩམས་ཆོས་འགྲེམ་སྟོན་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་ཞིང་། ཐེངས་འདིའི་འགྲེམ་སྟོན་དུ་བསྡོམས་པས་རི་མོའི་བརྩམས་ཆོས་དང་རི་མོའི་པར་རིས་བདུན་ཅུ་ལྷག་བཀྲམས་པ་དང་། དེ་ལས་ཨ་མདོ་བྱམས་པ་ལགས་ཀྱི་དངོས་བྲིས་ཐང་གའི་བརྩམས་ཆོས་ཉི་ཤུ་དང་། མཚོན་བྱེད་བརྩམས་ཆོས་ཉེར་བརྒྱད། ཨ་མདོ་བྱམས་པ་མཛེས་རྩལ་སློབ་གྲྭའི་དགེ་སློབ་ཀྱི་མཚོན་བྱེད་བརྩམས་ཆོས་ཉེར་ལྔ་བཅས་འདུ།

ད་ལོ་ཨ་མདོ་བྱམས་པ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པ་ཡིན་ལ། གཅིག་སྟོང་དགུ་བརྒྱ་བཅུ་བཞི་ལོར་ཨ་མདོ་བྱམས་པ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་སྐྱེས་ཤིང་། ལོ་བདུན་གྱི་སྐབས་སུ་ཕ་ཡུལ་གྱི་དགོན་པ་རུ་བསྐྱལ་བ་དང་། དེ་རྗེས་བླ་བྲང་དགོན་དང་། འབྲས་སྤུངས་དགོན་སོགས་སུ་ནང་ཆོས་སྦྱོང་ཞོར་དུ་རི་མོ་འབྲི་བཞེངས་གནང་ལ། དགོང་ལོ་ཞེ་གཅིག་སྟེང་ཕོ་བྲང་པོ་ཏ་ལའི་རི་མོའི་དགེ་རྒན་ཆེན་མོའི་འགན་བཞེས་པ་དང་། གཅིག་སྟོང་དགུ་བརྒྱ་དོན་དགུ་ལོའི་ཟླ་བཅུ་བར་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་དུ་བསྐོས་ཤིང་། གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་ཨ་མདོ་བྱམས་པ་ནི་སྐབས་དང་པོའི་བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རུ་བསྐོས་ལ། བོད་ཀྱི་སྲོལ་རྒྱུན་རི་མོའི་དངོས་བྲིས་ལུགས་ཀྱི་སྲོལ་བཏོད་མཁན་གཙོ་གྲས་སུ་གྱུར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག