མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭ་དང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི2014ལོའི་སྟོན་དུས་ཀྱི་སློབ་དུས་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-13 11:21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭ་དང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་2014ལོའི་སྟོན་དུས་ཀྱི་སློབ་དུས་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭའི་ཞའོ་ཀྲང་ཝུའུ་དབྱིང་ཅེ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཅེས་དང་ཐོག་ལྗོངས་ཏང་ཨུ་དང་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭའི་ཚབ་ཞུས་ནས་སློབ་མ་རྣམས་ལ་དགའ་བསུ་ཞུས་པ་དང་དགེ་རྒན་དང་ལས་བཟོ་ཡོངས་ལ་དགེ་རྒན་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་སློབ་མ་རྣམས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་སློབ་སྦྱོང་ནན་པོ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གཏིང་ཟབ། བྱང་ཚད་མཐོ་རུ་བཏང་སྟེ་རྒྱ་ཁྱབ་ཏུ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐད་ཤུགས་རྒྱག་པ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ངོས་འཛིན་དང་ཁོང་དུ་ཆུད་ཚད་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུས་བཀོད་སྒྲིག་དང་བླང་བྱ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས་སློབ་དུས་འདིའི་ཏང་གི་སློབ་གྲྭའི་སློབ་མའི་ནང་གཞོན་དར་ལས་བྱེད་པ་དང་། མི་རིགས་དང་ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་ལས་བྱེད་པ། ལྗོངས(ཀྲུང་དབྱང)དང་ས་ཁུལ(གྲོང་ཁྱེར)ཐད་གཏོགས་ཚན་པའི་ཁོའོ་རིམ་པའི་ལས་བྱེད་པ། དགོན་སྡེར་བཅའ་སྡོད་ཁོའོ་རིམ་པའི་ལས་བྱེད་པ། གྲོང་ཚོ(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སོགས་ཚུད་ཡོད་པ་ཚང་མ་གཞི་རིམ་དུ་ལས་ཀ་བྱེད་ཀྱི་ཡོད་པས་གཞི་རིམ་ནི་རང་རེའི་ཏང་གིས་སྲིད་སྐྱོང་བའི་རྩ་བའི་རྨང་གཞིའི་གནས་ཡུལ་དང་། ཁྲག་རྩ་དང་དམ་དུ་སྦྲེལ་བ། སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ལྷག་པར་དུ་བོད་ཀྱི་གཞི་རིམ་གྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་ས་རྒྱ་ཆེ་ལ་མི་འབོར་ཉུང་བར་བརྟེན་ཚང་མས་ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་གོ་སྐབས་སུ་བྱེད་པ་དང་སློབ་གསོ་ལག་ལེན་བྱེད་སྒོའི་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། “རྒྱུན་སྲིང་ལྷོད་མེད་བརྒྱད”སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བཀོད་སྒྲིག་དང་བླང་བྱར་གཞིགས་པ། སེམས་ནུས་ཡོད་རྒུས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཡག་པོ་སྒྲུབ་པ། བོད་དུ་རང་རེའི་ཏང་གི་སྲིད་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད། གཅིག་ནས་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་རྣམས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། མི་དམངས་ཀྱི་སྤྱི་ཞབས་པའི་གནས་བབ་རང་རྟོགས་ངང་ངེས་གནས་བྱེད་པ། མང་ཚོགས་ཀྱི་སློབ་ཕྲུག་ཡག་པོ་བྱེད་པ། དེ་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་བྱེད་དགོས་པ་དང་། གཉིས་ནས“སྤྱོད་ཚུལ་བཞི”དང“གནད་དོན་གཉིས” “ཉམས་ཞན་གཅིག”བཅས་ཐག་གཅོད་ཡག་པོ་བྱེད་པ་དང་། གྲོང་ཚོ(ཡུལ་མི)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ། གཞི་རིམ་ལས་དོན་གྱི་སྟོབས་ཤུགས་ནུས་ལྡན་ངང་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་གཞི་རིམ་གྱི་རྩ་འཛུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པ། གསུམ་ནས་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་པའི་ཞབས་ཞུའི་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་སྐྱོར་རྨང་བརྟན་གྱི་ནུས་པ་འདོན་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་འདིང་བ་བཅས་བྱེད་དགོས་པ། བཞི་ནས་ཕུགས་ཕན་གྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་རྒྱག་པ་དང་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་དང་ཟུང་འབྲེལ་དང་ཞབས་འདེགས་ཞུ་བ་སོགས་ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་བྱ་རྒྱུ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་རེད།

ཝུའུ་དབྱིང་ཅེས་རྒྱུན་ཨུ་ལིའུ་ཡུན་ཧྲན་གྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་ཁའི་སློབ་དུས་ཀྱི་སློབ་འགོ་འཛུགས་པའི་མཛད་སྒོའི་ཐོག་གི་གསུང་བཤད་བླང་བྱར་གཞིགས་པ་དང་། “ནན་གསུམ་དངོས་གསུམ”དཔེ་བཟང་ངང་ལག་ལེན་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། སྔ་ཕྱི་བར་གསུམ་དུ་རང་གཅུན་ནན་པོ་དང་། སྔ་ཕྱི་བར་གསུམ་དུ་ཏན་ཏན་ཏིག་ཏིག སྔ་ཕྱི་བར་གསུམ་དུ་དབང་ཆར་བཀུར་ཞིང་སྐྲག་པ། སྔ་ཕྱི་བར་གསུམ་དུ་འགན་ཁུར་ཕོད་པ། སྔ་ཕྱི་བར་གསུམ་དུ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱེད་པ། སྤྱོད་ཚུལ་ཐད་ཀྱི་མིག་སྔའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་འཛུགས་པ་དང་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག