མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ཚོགས་རྟགས་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-13 11:20

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས10ཉིན་གྱི་སྔ་དྲོ་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་ཚོགས་རྟགས་བོད་ལྗོངས་འགྲེམས་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་ཤིང་། ཚོགས་རྟགས་དེ་སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཀྱི“རང་བྱུང་དང་། རིག་གནས། ཡིད་དབང་འཕྲོག་པའི་བོད་ལྗོངས”བརྗོད་དོན་གཙོ་བོར་དམིགས་ནས་གསར་གཏོད་བྱས་པ་དེ་གྲིབ་ངོས་ཇོ་རི་དང་གསལ་ངོས་ཕོ་བྲང་པོ་ཏ་ལ་བཀོད་པའི་མཛེས་ལྗོངས་ཟུང་འབྲེལ་བྱས་པ་ལས་གྲུབ་པ་ཞིག་དང་མཐའ་ལྕགས་དཀར་པོ་ཡིན་པ་དེའི་བསྟན་དོན་ནི“ཤར་ནས་ཉི་མ་ཤར་བ”ལྟ་བུ་ཡིན།

ཚོགས་རྟགས་གསར་བཟོ་བྱེད་མཁན་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཇུས་འགོད་ཚན་ཁག་གི་དགེ་རྒན་བསྟན་ཆོས་ཀྱིས་བོད་ལྗོངས་འགྲེམས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་སྤྱི་ཡོངས་བླང་བྱ་གཞིར་བཟུང་། ཚོགས་རྟགས་དེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་མངོན་པའི་རྩ་དོན་ཐོག་ནས་ཇུས་འགོད་བྱས་པ་ཞིག་དང་གཙོ་བོ“རང་བྱུང་དང་། རིག་གནས། ཡིད་འཕྲོག་པའི་བོད་ལྗོངས”བརྗོད་དོན་གཙོ་བོར་དམིགས་ནས་ཇུས་འགོད་བྱས་པ་ཞིག་ཡིན་པ་དེ་ལས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འབུར་དུ་ཐོན་ཡོད། མཐའ་ཆགས་དཀར་པོ་ཡིན་པ་དེ་ལས་དཀར་གཙང་ཁ་བཏགས་མཚོན་པ་དང་བོད་ཀྱི་སྒོ་དབྱེ་མཛའ་གྲོགས་དང་ཞི་མཐུན་ཁོག་ཡངས། སྔོ་གསང་ནམ་མཁའ་དང་སྤྲིན་དཀར། དེ་བཞིན་སྤང་ལྗོངས་བཅས་ལས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་མངོན་ཡོད། ཚོགས་རྟགས་ཀྱི་སྤྱི་ཡོངས་ལས་བོད་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗིད་ཆགས་ཡིད་འོང་བའི་ཁྱད་ཆོས་དང་རིག་གནས་དར་རྒྱས་གོང་འཕེལ། དེ་བཞིན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་དམངས་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མངོན་ཡོད། པར་རིས་ཀྱི་ཁ་དོག་དང་ཟུར་ཚད་ནས་བལྟས་ཚེ་ཉི་འོད་ཤར་ཕྱོགས་ནས་འཕྲོས་པ་དེའི་བསྟན་དོན་ནི“ཤར་ནས་ཉི་མ་ཤར་བ”ལྟར་བོད་ཀྱི་དར་རྒྱས་གོང་འཕེལ་དང་མཛེས་སྡུག་ལྡན་པའི་མདུན་ལྗོངས་མཚོན་པ་དེ་རེད་ཅེས་ངོ་སྤྲོད་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག