མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཏུང་ཡུན་ཧུའུ་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དང་པོའི་དྲིལ་བསྒྲགས་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུར་ཞུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-09-13 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དང་པོའི་དྲིལ་བསྒྲགས་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་འབྲེལ་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུའི་རྒྱུན་ཨུའམ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཚོགས་འདུར་ཞུགས་པ་དང་སྦྲགས་གཏམ་བཤད་ཀྱང་གནང་བ་རེད།

ཏུང་ཡུན་ཧུའུ་ཡིས་ཐེངས་འདིའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་ཚད་གཞི་མཐོ་བ་དང་། དུས་ཚོད་ཐུང་བ། ལས་འགན་ལྕི་བ། འགན་འཁྲི་ཆེ་བ་བཅས་ཡོད་པས“རིག་གནས་ནི་གཙོ་གཟུགས་དང་། དྲིལ་བསྒྲགས་ནི་གཙོ་གནད་ཡིན་པའི”རྩ་དོན་མཐའ་འཁྱོངས་ཐོག་ཇུས་འགོད་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བྱས་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་རྣམ་པ་ཡག་པོ་གཏོད་པ་དང་། འགོ་ཡག་པོ་འཛུགས་པ། བཀྲག་མདངས་འཚེར་བར་བྱེད་པ་བཅས་བྱེད་རྒྱུར་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། གཅིག་ནས་དྲིལ་བསྒྲགས་ནང་དོན་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། “རང་བྱུང་དང་། རིག་གནས། ཡིད་དབང་འཕྲོག་པའི་བོད་ལྗོངས”བཅས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། གཙོ་གནད་དང་། ཁྱད་ཆོས། བཀྲག་མདངས་འཚེར་ས་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཆེད་དོན་ལེ་ཚན་དང་ཆེད་སྒྲིག་ལེ་ཚན་གཏོད་པ། དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པ། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་གཙོ་དོན་གླེང་སྟེགས་དང་། འགྲེམས་སྟོན། ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ། འགོ་ཚུགས་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོ་སོགས་བྱེད་སྒོ་ཁག་དང་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། འཛམ་གླིང་ཡང་རྩེའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཚན་རིག་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། མཐའ་མཚམས་སྲ་བརྟན་བཅས་ཀྱི་བོད་ཀྱི་རྣམ་པ་ཡག་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་བྱེད་དགོས་པ་དང་། གཉིས་ནས་གླེང་ཕྱོགས་ཀྱི་ཚ་རླབས་གཏོད་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་དང་། ཀྲུང་དབྱང་སྨྱན་སྦྱོར་དང་ས་གནས་སྨྱན་སྦྱོར། གཙོ་ཁྲིད་སྨྱན་སྦྱོར་དང་གྲོང་ཁྱེར་རིགས་ཀྱི་སྨྱན་སྦྱོར། ནང་ངོས་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས། སྤྱི་ཚོགས་དྲིལ་བསྒྲགས་དང་རིག་རྩལ་དྲིལ་བསྒྲགས་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པ། དྲིལ་བསྒྲགས་དཔྱད་གཞི་དང་དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་སྐོང་འཐེན་བྱས་ནས་སྨྱན་སྦྱོར་ཐམས་ཅད་དང་ཕྱོགས་ཡོངས་ནས་དྲིལ་བསྒྲགས་སྤེལ་གཏོང་བྱེད་པ་བཅས་བྱས་ཏེ་བརྒྱུད་སྤེལ་གྱི་ཕན་འབྲས་ཆེན་པོ་ཐོན་པ་བྱེད་དགོས། གསུམ་ནས་གླེང་ཕྱོགས་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་གླེང་ཕྱོགས་ལ་རྗེས་སྙེགས་དམ་ཟབ་བྱེད་པ། གནད་ལ་འཁེལ་བའི་སྒོ་ནས་དབྱེ་ཞིབ་བྱེད་པ། ཐེ་ཚོམ་དང་དོགས་པ་སེལ་བ་བཅས་བྱས་ནས་དུས་མཐུན་ཚད་མཐུན་སྒོ་ནས་སྤྱི་ཚོགས་གླེང་ཕྱོགས་ལ་ཁྲིད་སྟོན་ནུས་ལྡན་བྱེད་དགོས། བཞི་ནས་རྩ་འཛུགས་འགན་ལེན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མཉམ་ལས་དང་གཞོགས་འདེགས་དམ་ཟབ། དུས་ཚོད་ཀྱི་འཕེལ་རིམ་བཀོད་སྒྲིག་བྱེད་པ། འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ་བཅས་བྱས་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་དང་པོའི་དྲིལ་བསྒྲགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་མཐོ་རླབས་འཕྱུར་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག