མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་ལྷོ་ཁ་ས་ཁུལ་གྱི་རོང་འབྲོག་བུད་མེད་ཀྱིས་ངལ་ལས་ལ་བརྟེན་ནས་ཡོང་སྒོ་སྒོར་ཁྲི9516.4བསྐྲུན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ལྷོ་ཁ་ས་ཁུལ་ཡོངས་ཀྱི་རོང་འབྲོག་བུད་མེད་མི་ཐེངས་ཁྲི26364ངལ་རྩོལ་བྱེད་པར་ཕྱིར་གཏོང་བྱས་ཤིང་། ངལ་ལས་ལ་བརྟེན་ནས་ཡོང་སྒོ་སྒོར་ཁྲི9516.4བསྐྲུན་ཡོད།

ད་ལོའི་རིང་ལ། ལྷོ་ཁ་ས་ཁུལ་གྱི་རིམ་པ་སོ་སོའི་བུད་མེད་རྩ་འཛུགས་ཀྱིས་སློབ་གསོ་ལ་བརྟེན་ནས་རོང་འབྲོག་བུད་མེད་རྣམས་ཀྱིས་སྲོལ་རྒྱུན་གྱི་བསམ་བློ་འདུ་ཤེས་བཅོས་བསྒྱུར་བྱེད་དགོས་པར་སྣེ་ཁྲིད་བྱས་ཤིང་། བུད་མེད་རྣམས་ཀྱིས་ཡིད་ཆེས་བསྐྲུན་པར་རོགས་སྐྱོར་བྱས་པ་དང་། ཚོང་རའི་དཔལ་འབྱོར་འདུ་ཤེས་སྐྱེད་སྲིང་བྱས་པས། རྒྱ་ཆེ་རོང་འབྲོག་བུད་མེད་རྣམས་བཟོ་སྐྲུན་ལས་གཞི་དང་། སྨན་རྫས་རྐོ་འདོན། ཁེ་ལས་སུ་ཞོར་ལས་ལས་པ། ཟ་འཐུང་ལས་རིགས་ནས་ཞབས་ཞུ་སྒྲུབ་པ། སྒེར་གྱིས་ཚོང་གཉེར་བྱེད་པ་བཅས་ལ་འབད་བརྩོན་བྱས་ཏེ་ཡོང་སྒོ་བསྐྲུན་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག