མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་ཟླ་སྔོན་མ7ཡི་ནང་རོང་འབྲོག་པ་མི་ཁྲི36454སྤོ་སྒྱུར་ལས་ཞུགས་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ7པའི་བར་དུ། ཆབ་མདོ་ས་ཁུལ་གྱིས་རོང་འབྲོག་པ་མི་ཁྲི36454སྤོ་སྒྱུར་ལས་ཞུགས་བྱས་ཤིང་། ཡོང་སྒོ་སྒོར་དུང་ཕྱུར1.24འཕར་སྣོན་བྱུང་བ་མངོན་འགྱུར་བྱས། རོང་འབྲོག་པའི་ལག་རྩལ་གསོ་སྦྱོང་ཐེངས25སྤེལ་བ་དང་། དེའི་ནང་རླངས་འཁོར་སྐོར་བ་དང་། རྐོ་འདྲུའི་འཕྲུལ་འཁོར་སྐོར་བ། གསོལ་ཁང་དང་མགྲོན་ཁང་ཞབས་ཞུ། སྔོ་ཚོལ་འདེབས་འཛུགས་སོགས་ཆེད་ལས་འདུས། བསྡོམས་པས་མི2694ལ་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་བྱས་པ་ལས་མི1621ལས་གནས་སྟེང་ཞུགས། ལས་ཞུགས་དང་ཡར་བསྐྱུར་ལས་གནས་སྟེང་ཞུགས་པའི་གསོ་སྦྱོང་ཐེངས10སྤེལ་བ་དང་། བསྡོམས་པས་མི503གསོ་སྦྱོང་ཁྲོད་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག