མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཆུ་རྒྱུན་ཆུང་འབྲིང་ལ་གཙང་བཅོས་བྱེད་པའི་ལས་གཞི་ལས་མི་ཁྲི13ལྷག་ལ་ཁེ་ཕན་ཐོབ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་ལྟར་ན། བོད་ལྗོངས་ཀྱིས2009ལོ་ནས་བཟུང་ཆུ་རྒྱུན་ཆུང་འབྲིང་ལ་གཙང་བཅོས་བྱེད་པའི་ལས་གཞི་དངོས་སུ་ལག་བསྟར་བྱས་པའི་རིང་ལ། ཞིང་སྡེའི་ཆུ་ལོག་འགོག་པའི་ནུས་བ་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། འདི་ནི་ཞིང་སྡེ་དང་གཞི་རིམ་ལ་ཁ་ཕྱོགས་པའི་དམངས་འཚོའི་བཟོ་སྐྲུན་ཡིན་ཏེ། དམིགས་ཡུལ་གཙོ་བོ་ནི་ཆུ་རྒྱུན་ཆུང་འབྲིང་གི་ཆུ་ལོག་སྔོན་འགོག་མ་ལག་རིམ་བཞིན་བསྐྲུན་པ་དང་། ཆུ་ལོག་འགོག་པའི་ནུས་བ་ཇེ་མཐོར་གཏོང་བ། ཕན་ནུས་ལྡན་པའི་སྒོ་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འགན་སྲུང་བྱེད་པ་བཅས་ཀྱི་ཆེད་དུ་ཡིན། བཟོ་སྐྲུན་འདིར་འཆར་འགོད་ཁྲོད་བཅུག་པའི་རྣམ་གྲངས167ཡོད་པ་དང་། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར21.5གཏོང་དགོས།

མིག་སྔའི་བར་དུ། བོད་ལྗོངས་ཀྱི་ཆུ་རྒྱུན་ཆུང་འབྲིང་གཙང་བཅོས་བྱེད་པའི་ལས་གཞིའི་རྣམ་གྲངས147གྱི་དུས་རིམ་སྔོན་མའི་ཞིབ་བཤེར་ཆོག་མཆན་གནང་བའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། ཞིབ་བཤེར་ཆོག་མཆན་གནང་བའི་དངུལ་གཏོང་སྒོར་དུང་ཕྱུར14.8ལ་སླེབས་ཡོད། མཆན་འགོད་བཀའ་ལན་ཁྲོད་ཕྱོགས་བསྡུས་གཙང་བཅོས་བྱེད་དགོས་པའི་ཆུ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ1069ཡོད། མིག་སྔར། ལས་གཞི133འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ལས་གཞི95ལེགས་འགྲུབ་བྱུང་། ལས་གཞི་དེ་དག་ལ་ཆུ་རགས་བསྐྲུན་པ་དང་། འགྲམ་སྲུང་འཛུགས་སྐྲུན། ཆུ་རྒྱུན་གྱི་བྱེ་འདམ་གཙང་བཅོས་དང་ཆུ་ལམ་གཤོང་བའི་བྱེད་ཐབས་སྤྱད་དེ། ཆུ་རྒྱུན་སྤྱི་ལེ547ཕྱོགས་བསྡུས་གཙང་བཅོས་བྱས། དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར8.7བཏང་ཡོད་དེ། བོད་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གྱི་གྲོང་ཚོ200ལྷག་གི་མི་ཁྲི13ལས་བརྒལ་བ་ལ་ཁེ་ཕན་ཐོབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག