མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མཁའ་འགྲུལ་ཀུང་ཟི་ཡིས་ཟླ10བར་ཀ་ཏ་མན་རྡུ་ནས་ལྷ་ས་བར་གྱི་མཁའ་ལམ་གཏོང་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-20 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་མཁའ་འགྲུལ་ཀུང་ཟི་ཡིས་ཚེས19ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་ནེ་པ་ལ་ཕྱོགས་ཀྱི་མཉམ་ལས་གྲོགས་པོ་བར་གྲོས་ཡིག་ལ་མིང་ཐོ་བཀོད་དེ། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་ཟི་བཙུགས་ཤིང་། ད་ལོའི་ཟླ10བར་ཀ་ཏ་མན་རྡུ་ནས་ལྷ་ས་བར་གྱི་མཁའ་ལམ་གཏོང་རྒྱུའི་འཆར་གཞི་བཟོས།

ནེ་པ་ལའི་དངུལ་གཏོང་ཕྱོགས་ཀྱི་འཐུས་མིས་མིང་ཐོ་འགོད་པའི་མཛད་སྒོ་སྟེང་བསྟན་དོན། ནེ་པ་ལའི་གནས་སྐོར་ཚོང་རའི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེ་བས། མིག་སྔར་གནས་སྐོར་ལས་རིགས་ལས་ནེ་པ་ལ་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་ལ་བྱས་རྗེས་འཇོག་ཚད10%ལ་སླེབས་ཡོད། ཡིན་ཡང་མཁའ་འགྲུལ་ལས་རིགས་ཀྱི་མངོན་མེད་སྟོབས་ཤུགས་ད་དུང་འདོན་སྤེལ་བྱས་མེད་ཟེར།

ནེ་པ་ལ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཁྲུང་ཐའེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ནེ་པ་ལ་བར་གྱིས་ཆུ་ཤུགས་ལས་གློག་འདོན་པ་དང་། གནས་སྐོར། དམངས་སྤྱོད་མཁའ་འགྲུལ་སོགས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་བླངས་ཡོད། ཧ་མ་ལ་ཡ་མཁའ་འགྲུལ་ཀུང་ཟི་བཙུགས་པ་དེ་ནི་གསར་གཏོད་རང་བཞིན་ལྡན་པའི་མཉམ་ལས་ཐེངས་གཅིག་ཡིན་པས། དེ་ལས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་བྱུང་བར་ལྒུལ་ཤུགས་གསར་བ་བསྣན་ཡོད་ཟེར།

བོད་ལྗོངས་མཁའ་འགྲུལ་ཀྲུང་ཟིའི་ལས་འཛིན་པ་ཁྲིན་ཡི་རའོ་ཡིས་བསྟན་དོན། བོད་ལྗོངས་མཁའ་འགྲུལ་ལ་མཐོ་སྒང་སྟེང་འཕར་བསྐྱོད་བྱེད་པ་དང་དོ་དམ་བྱེད་པའི་ཉམས་མྱོང་མང་པོ་ཡོད་པས། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་ཟི་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་ནུས་ཤུགས་ཡོས་དགུ་བཏོན་ནས་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག