མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱི་གནས་སྐོར་དཔལ་འབྱོར་ལ་འཕར་སྣོན་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-20 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། གཞིས་རྩེ་ས་ཁུལ་གྱིས་འཛམ་གླིང་གི་གནས་སྐོར་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་དམིགས་འབེན་ལྟར། “ཁྱད་མཚར་ལྡན་པའི་ཇོ་མོ་གླང་མ། ལྐོག་གྱུར་གྱི་གཙང་ཁུལ། བཀྲ་ཤིས་པའི་གཞིས་རྩེ་ས་ཁུལ”ཞེས་པའི་གནས་སྐོར་ཚོང་རྟགས་གཏོད་དེ། གནས་སྐོར་དཔལ་འབྱོར་ལ་འཕར་སྣོན་ཆེན་པོ་བྱུང་། ད་ལོའི་ཟླ1པོ་ནས་ཟླ7པའི་བར། ས་ཁུལ་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1549750སྣེ་ལེན་བྱས་ཤིང་། དུས་མཉམ་ལས30%འཕར། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི135258མངོན་འགྱུར་བྱས་ཤིང་། དུས་མཉམ་ལས10%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག