མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་ཐོན་ལས་ཆེན་པོ་གསུམ་ལ་དགའ་འོས་པའི་རྣམ་པ་བཟང་པོ་ཐོན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-19 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། མངའ་རིས་ས་ཁུལ་གྱི་ཐོན་ལས་ཆེན་པོ་གསུམ་གོང་འཕེལ་འགྲོ་ཚུལ་ལེགས་པོ་ཡོད་པ་དང་། ཁྱད་འཕགས་ཁྱད་ལྡན་ཐོན་ལས་ཡང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་ནས་དགའ་འོས་པའི་རྣམ་པ་ཐོན་ཡོད་པ་རེད།

ཞིང་འབྲོག་ལས་ཀྱི་གནས་བབ་ཅུང་ཡག་པོ་ཡོད་པ་སྟེ། ད་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་གྱི་ཐོན་ལས་དང་པོའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.13ཟིན་ནས་འཕར་ཐང་སྒོར་ཁྲི་ཚོ8200ཟིན་པ་དང༌། འབྲུ་རིགས་མུའུ25000དང་སྔོ་ཚལ་མུའུ1800དང་། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི9བཅས་ལེགས་སྒྲུབ་བྱས་པ་དང༌། ཕྱུགས་ཕྲུག་གསོན་ཚད་མགོ་གྲངས་ཁྲི་ཚོ74.3ཟིན་པ་དང་ཕྱུགས་ཕྲུག་གསོན་ཚད80%ཟིན་པ། ཁུད་ལྡན་རའི་གསོ་སྤེལ་དཔེ་སྟོན་དུད་ཚང130མང་དུ་ཕྱིན་པ་བཅས་བྱུང་ཡོད་པ་རེད། རུ་ཐོག་རྫོང་གི་ཁུད་ལྡན་རའི་རྒྱུད་བཟང་ར་བ་དེ་བོད་ཀྱི་ཁུད་ལྡན་རའི་རྒྱལ་ཁབ་རིམ་པའི་རྒྱུད་སྲུང་ར་བར་བདམས་པ་དང༌། སྒར་དང་རུ་ཐོག སྤུ་ཧྲེང་བཅས་རྫོང་གསུམ་གྱི་སྐྱེ་ཁམས་ཞིང་ལས་དཔེ་སྟོན་གླིང་གི་དྲོད་ཁང་199ཁྱོན་ཡོངས་ནས་སྐྲུན་པ། མ་དངུལ་སྒོར་ཁྲི་ཚོ3344བསྡུ་རུབ་བྱས་ནས་དགུན་སའི་བཞོན་མ་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་། མི་ཐབས་ལ་བརྟེན་ནས་རྩྭ་མུའུ5000བཏབ་པ། བཞོན་མ་མགོ་གྲངས700ཉོས་པ། སྒྲིག་ཆས་ཁག112ཉོས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་བྱས་ཡོད་པ་རེད།

བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་བསྐྱོད་ཐུབ་པ་སྟེ། ལོ་སྟོད་དུ་ས་ཁུལ་དེ་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་ཚོ6000ཙམ་ཟིན་ནས། བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི་ཚོ2600ཟིན་པ་དེ་ན་ནིང་གི་དུས་མཚུངས་པ་དང་གཅིག་མཚུངས་བྱུང་ཞིང་། སེང་གེ་ཁ་འབབ་ཀྱི་ཐོན་ལས་གཅིག་བསྡུས་གླིང་གི་གཞུང་ལམ3གྱི་ལས་གཞི་ཇུས་འགོད་ཟིན་ནས་ལོ་འདིའི་ནང་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ་རེད།

ཡུལ་སྐོར་ལས་རིགས་མུ་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད་པ་སྟེ། ད་ལོ་ས་ཁུལ་དེ་ཡོངས་ཀྱིས་ཡུལ་སྐོར་རྣམ་གྲངས18ཀྱི་ལས་འགོ་འཛུགས་པ་དང་། འཕྲོ་སྐྱོང་ལས་དོན་སྤེལ་ནས་མ་དངུལ་སྒོར་དུང་ཕྱུར6.8གཏོང་རྩིས་ཡོད་པའི་ནང་སྒོར་ཁྲི་ཚོ400བཏང་ཟིན་པ་དང༌། གནའ་བོའི་ཞང་ཞུང་ཡུལ་སྐོར་ལམ་ཐིག་རྩེ་གྲའི་ལམ་སྟོན་བྱང་བུའི་ལས་གཞི་དང་། མངའ་རིས་ཡུལ་སྐོར་དྲ་བའི་པར་ངོས་བསྒྱུར་བཟོ་དང་ཡུལ་སྐོར་ཇུས་འགོད་ལེགས་སྒྲུབ་བྱུང་བ། གསོལ་མགྲོན་ཁང4ཡི་སྐར་མ་རིམ་པའི་དཔྱད་འདེམས་ལས་དོན་ཏན་ཏིག་སྤེལ་བ། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་ཁྲིམས་འཛིན་ལྟ་འདོམས་བྱེད་གནས5བཙུགས་པ། ཞིང་འབྲོག་མང་ཚོགས་ཀྱི་ཡུལ་སྐོར་ལས་ཞུགས་ཡོང་འབབ་སྒོར་ཁྲི་ཚོ4000ཙམ་ཟིན་པ་བཅས་བྱུང་བ་དང༌། ལོ་སྟོད་དུ་ས་ཁུལ་དེ་ཡོངས་ཀྱི་ཡུལ་སྐོར་བ་མི་ཐེངས་ཁྲི6ཙམ་ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ7300ཙམ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག