མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མངའ་རིས་སུ་ཆོས་དོན་དང་སྤྱི་ཚོགས་བྱེད་སྒོ་ཁག་གཉེར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-19 10:49

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ཉེ་དུས་བོད་ལྗོངས་མངའ་རིས་ས་ཁུལ་དུ་གངས་རིན་པོ་ཆེ་མཇལ་བ་དང་། མ་ཕམ་གཡུ་མཚོར་མཆོད་འབུལ་མཛད་ཅིང་། རྒྱ་ཆེའི་སེར་སྐྱ་དད་ལྡན་པ་ཚོར་ཕྱག་དབང་གནང་བ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པའི་དུད་ཚང་ལ་གཟིགས་པར་ཕེབས་ཤིང་། ཁུང་ཕན་སེན་གྱི་བང་སོ་ཕྱག་གནང་བ་རེད། པཎ་ཆེན་རིན་པོ་ཆེའི་ཞབས་སོར་གང་དུ་འཁོད་ཀྱང་དེ་གར་སེར་སྐྱ་མང་ཚོགས་ཀྱི་དགའ་བསུ་ཆེན་མོ་ཞུས་ཡོད་པ་རེད།

སྤྱི་ཟླ8པའི་ཚེས14ཉིན་གྱི་སྔ་དྲོ། པཎ་ཆེན་རིན་པོ་ཆེ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གནས་པའི་གངས་རིན་པོ་ཆེའི་འགྲམ་དུ་ཕེབས་ནས་བསང་མཆོད་དང་མཇལ་ཁ་ཞུས་ཡོད་པ་རེད། དགོན་སྡེའི་སྐུ་འདྲ་དག་གི་མདུན་དུ་པཎ་ཆེན་རིན་པོ་ཆེས་ཐལ་མོ་ཐུགས་ཁར་སྦྱར་ནས་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པ་དང་། ཆར་ཆུ་དུས་སུ་བབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ། འགྲོ་བ་སེམས་ཅན་རྣམས་བདེ་སྐྱིད་དང་ལྡན་པ་བཅས་ཡོང་བའི་སྨོན་ལམ་བཏབ་གནང་ཡོད་པ་རེད།

སྤྱི་ཟླ8པའི་ཚེས15ཉིན། པཎ་ཆེན་རིན་པོ་ཆེ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གནས་པའི་མ་ཕམ་གཡུ་མཚོར་མཚོ་སྐོར་དང་མཚོ་མཇལ་གནང་བར་ཕེབས་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་མ་ཕམ་གཡུ་མཚོའི་ནུབ་འགྲམ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་གྲུབ་མཐའི་དགོན་པ་ཞིག་ཏུ་ཕེབས་ནས། དེ་གར་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་དང་དགོན་པ་དེའི་འདུ་ཁང་སོགས་སུ་མཆོད་མཇལ་གནང་བ་དང་། ཁོང་གང་དུ་ཕེབས་ཀྱང་ཐལ་མོ་ཐུགས་ཁར་སྦྱར་ནས་འཛམ་གླིང་ཞི་བདེ་དང་འགྲོ་བ་བདེ་ལ་འཁོད་པའི་བསྔོ་བ་སྨོན་ལམ་བཏབ་གནང་ཡོད།

སྤྱི་ཟླ8པའི་ཚེས16ཉིན་པཎ་ཆེན་རིན་པོ་ཆེ་ས་སྐྱ་བའི་གྲུབ་མཐའི་དགོན་པ་འཁོར་ཆགས་དགོན་པར་ཕེབས་ནས་མཆོད་མཇལ་ཞུས་གནང་ཡོད། སྤྱི་ཟླ་༨པའི་ཚེས17ཉིན་གྱི་ཞོགས་པ་པཎ་ཆེན་རིན་པོ་ཆེ་དང་བཅས་པ་མངའ་རིས་ས་ཁུལ་དཔའ་བོའི་དྲན་གསོ་ཁང་དུ་ཕེབས་ནས་ཁུང་ཕན་སན་གྱི་བང་སོ་ཕྱག་གནང་བ་དང་། པཎ་ཆེན་རིན་པོ་ཆེས་ཁུང་ཕན་སེན་གྱི་བང་སོའི་མདུན་དུ་ངག་བསྡམས་ནས་མྱ་ངན་ཞུས་ཡོད་པ་མ་ཟད། ཁུང་ཕན་སེན་གྱི་བང་སོར་མཇལ་དར་སྒྲོན་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག