མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་གཏོང་ཚད་སྒོར་ཁྲི3300ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-19 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་བྱ་བར་ཤུགས་བསྣན་ཏེ། ཁོར་ཡུག་སྲུང་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

རྒྱུས་ལོན་ལྟར་ན། ད་ལོའི་ལོ་སྟོད་དུ་མངའ་རིས་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཅོས་བྱ་བ་ཡོངས་སུ་སྤེལ་ཏེ། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཟོ་བཅོས་དཔྱད་ཞིབ་བྱེད་ཐབས་ལག་བསྟར་བྱས་ཤིང་། གཟེངས་བསྟོད་མ་དངུལ་སྒོར་ཁྲི100བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་སྤྱི་ཕན་ནགས་ཚལ་རྣམ་གྲངས་དང་བདེ་འཇགས་འགོག་རགས་སྲུང་སྐྱོང་རྣམ་གྲངས་ཐད་ཀྱི་དངུལ་གཏོང་སྒོར་ཁྲི2978ལེགས་འགྲུབ་བྱུང་བ་དང་། ནགད་ཚལ་མུའུ་ཁྲི3.47བསྐྲུན། འོས་འགན་སྡོང་འཛུགས་མུའུ་ཁྲི2600ལྷག་བཙུགས་པ་མ་ཟད། འོམ་བུ་སོགས་སྡོང་ཕྲུག་བསྡོམས་པས་རྐང་ཁྲི31བཙུགས་ཡོད། དེ་མིན་སྲིད་གཞུང་གིས་རྩྭ་ར་ཉོ་བའི་ཚུལ་དུ་འབྲོང་གི་སྡོད་གནས་མུའུ་ཁྲི12རྒྱ་བསྐྱེད་དེ། སྲུང་སྐྱོང་བྱེད་ཐབས་ནུས་ལྡན་བེད་སྤྱད་དེ་གཙོད་ཀྱི་རིགས་ཚོགས་བདེ་འཇགས་ངང་གནས་སྤར་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་པ་དང་། རི་དྭགས་ཀྱི་གནོད་འཚེ་དོན་རྐྱེན་ཐད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི223རྩིས་སྤྱོད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག