མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བའི་རིགས་སྒྲུབ་ཚོགས་འདུ་ཐོག་མ་བསྡུས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-19 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཀྱིས་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བའི་རིགས་སྒྲུབ་ཚོགས་འདུ་ཐོག་མ་བསྡུས་ཤིང་། རང་སྐྱོང་ལྗོངས་ཀྱིས་ངལ་རྩོལ་འབྲེལ་བ་ཕྱོགས་གསུམ་གྱི་ཁོངས་ཞུགས་ལས་ཁུངས་དང་། རྒྱལ་དབང་ཁེ་ལས། སྤྱི་དབང་མ་ཡིན་པའི་ཁེ་ལས་ཀྱི་གཙོ་གཉེར་སྡེ་ཁག་གི་འཐུས་མི། དེ་མིན་ས་ཁུལ་དང་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་བཅས་མཐུན་སྦྱོར་བྱས་ཏེ་ཚོགས་འདུ་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་བོད་ལྗོངས་ཀྱིས་ཐོག་དང་པོར་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བའི་རིགས་སྒྲུབ་ཚོགས་འདུ་བསྡུས་པ་ཡིན་ཞིང་། ཚོགས་འདུའི་སྟེང་། འཐུས་མི་རྣམས་ཀྱིས་ཐེངས་འདིའི་ཟླ་ཕོགས་དམའ་བའི་ཚད་གཞི་ཇེ་མཐོར་གཏོང་བར་སོ་སོ་ནས་རང་གི་ལྟ་ཚུལ་བརྗོད་པ་མ་ཟད། བསམ་འཆར་སྐོར་ཞིག་བཏོན། ཚོགས་འདུའི་བླང་བྱ་ལྟར་ན། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི《ཆེས་དམའ་བའི་ཟླ་ཕོགས་ཆོད་དོན》དང《བོད་རང་སྐྱོང་ལྗོངས་ཀྱི་ཆེས་དམའ་བའི་ཟླ་ཕོགས་ཆོད་དོན》ཁྲོད་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ལོ་གཉིས་རེ་ནང་ངེས་བར་དུ་མ་མཐའ་ཡང་ཐེངས་གཅིག་ལ་ཇེ་མཐོར་གཏོང་དགོས་པའི་གཏན་ཁེལ་ལྟར་ལག་བསྟར་བྱས་པ་ཡིན་ཞིང་། དེ་ལས་རིམ་གྲས་སོ་སོ་དང་ངལ་རྩོལ་བ་བར་གྱི་ཡོང་སྒོ་ཚད་ལྡན་མིན་པའི་བར་ཁྱད་ཇེ་ཆུང་དུ་གཏོང་ཐུབ་པ་མ་ཟད། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་དང་། ལས་ཐོག་གི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་ཟླ་ཕོགས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་ཆུ་ཚད་བཅས་འདྲ་མཉམ་ངང་འཕར་བ་མངོན་འགྱུར་བྱེད་ཐུབ། དེ་མིན་ཡོང་སྒོ་དམའ་བའི་ངལ་རྩོལ་བའི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་ཐུབ་པ་དང་། ཟླ་ཕོགས་ཡོང་སྒོ་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མཉམ་དུ་འཕར་བ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེ་ངལ་རྩོལ་བ་རྣམས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་རྒྱུ་རེད།

ཚོགས་འདུ་ལ་ཞུགས་པའི་འཐུས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། ཐེངས་འདིའི་རིགས་སྒྲུབ་ཚོགས་འདུ་བསྡུས་པའི་གནས་བབ་ཧ་ཅང་བཟང་ལ། དེ་ལས་མང་གྲོས་བློ་བསྡུ་བྱེད་ཐུབ་པ་མ་ཟད། དམངས་སེམས་ཕྱོགས་བསྡུས་བྱས་ཡོད་པས། ལེགས་སྒྲིག་རྗེས་ཀྱི་ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་ལས་ཚན་རིག་རང་བཞིན་དང་དྲང་གཞག་རང་བཞིན་མཚོན་ཐུབ་ཟེར།

ཚོགས་འདུ་ལས་ལེགས་སྒྲིག་ཇུས་གཞི་ལ་གྲོས་མཐུན་བྱུང་བ་དང་། ཉེ་དུས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་གནང་བ་དང་ལག་བསྟར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག