མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-08-19 10:48

འགོ་ཚུགས་ཞབས་བྲོ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན2014ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དེ་བོད་ལྗོངས་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་ནས་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་དུས་ཆེན་ནི་བོད་ཁུངས། བོད་འབྲེལ་སྟེ་གར་སྟབས་བསྒྱུར་བའི་ལྷོ་ཁ་ཞེས་པ་བརྗོད་གཞིར་བཟུང་ཞིང་། གདན་ཞུས་སྐུ་མགྲོན་ཏེ་རིག་རྩལ་ཚོགས་པ་གྲགས་ཅན་དང་མི་སྣ་སྐད་གྲགས་ཅན་མང་པོ་ཡར་ཀླུང་གཙང་འགྲམ་དུ་འཛོམས་ནས་ཀུན་གྱི་སྤྱན་སྔར་བསམ་བློ་དང་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།

ཤེས་གསལ་ལྟར་ན། 2014ལོའི་ཀྲུང་གོའི་ཡར་ཀླུང་རིག་གནས་དུས་ཆེན་གྱི་ནང་དོན་གཙོ་བོ་ནི་ཨན་ཧུའེ་དང་། ཧུ་ནན། ཧུ་པེ་བཅས་ཞིང་ཆེན་བཞིའི་སྒྱུ་རྩལ་པ་རྣམས་ཀྱིས་ཁ་མཐུན་བོད་སྐྱོར་བྱས་ནས་ལོ20འཁོར་བའི་དུས་དང་བསྟུན་ནས་འཁྲབ་སྟོན་གནང་རྒྱུ་རེད།

རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ལྷོ་ཁའི་ཞབས་བྲོ།

ཤེས་གསལ་ལྟར་ན། ཁ་མཐུན་བོད་སྐྱོར་བྱས་ནས་ལོ20འཁོར་བར་དྲན་གསོ་ཞུ་ཆེད། ད་ཐེངས་ཀྱི་ཡར་ཀླུང་གཙང་པོའི་རིག་གནས་དུས་ཆེན་གྱིས་ཐེངས་དང་པོར་ཀྲུང་དབྱང་རིམ་པའི་རིག་རྩལ་ཚོགས་པ་འཁྲབ་སྟོན་དུ་གདན་ཞུས་པ་དང་། ཐེངས་དང་པོར་ཞིང་ཆེན་གསུམ་གྱི་ཁ་མཐུན་བོད་སྐྱོར་གྱིས་མངགས་པའི་འཁྲབ་སྟོན་པ་འཁྲབ་སྟོན་དུ་གདན་ཞུས། ཐེངས་དང་པོར་སྤུན་ཟླའི་ས་གནས་དང་གྲོང་ཁྱེར་གྱི་སྒྱུ་རྩལ་ཚོགས་པ་འཁྲབ་སྟོན་དུ་གདན་ཞུས། ཐེངས་དང་པོར་དམངས་ཁྲོད་ཀྱི་མང་ཚོགས་འཁྲབ་སྟོན་ཚོགས་པ་འཁྲབ་སྟོན་དུ་བཀོད་སྒྲིག་གནང་བ་བཅས་ཐེངས་དང་པོ་མང་པོ་ཞིག་བྱུང་།

 དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག ཉིང་ཁྲི་སྒྱུ་རྩལ་ཚོགས་པ་དང་། ཆབ་མདོ་སྒྱུ་རྩལ་ཚོགས་པ། ལྷོ་ཁའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་གང་མང་བཅས་ཚུད་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཚོན་མདངས་བཀྲ་བའི་མི་རིགས་ཀྱི་གཟབ་འཆོར་སྤྲས་ཏེ། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་གནང་བ་དང་། དེ་ལས་མངོན་མིན་ཤུལ་བཞག་རིག་གནས་ཏེ་བྲོ་དང་། མོན་པའི་བྲོ། སྒོར་གཞས་སོགས་འཁྲབ་སྟོན་གྱིས་གཏིང་ཟབ་ལ་རྒྱ་ཆེ་བའི་བོད་ཀྱི་རིག་གནས་གསོན་ཉམས་ལྡན་པའི་ངང་ངོམ་སྟོན་གནང་བ་དང་། དེ་ནི་ཁ་མཐུན་བོད་སྐྱོར་ཞིང་ཆེན་གྱིས་ལྷོ་ཁ་ས་ཁུལ་ལ་ལེགས་རྗེས་གལ་ཆེན་བཞག་པར་དྲིན་ལན་གྱི་ཚུལ་དུ་ཕུལ་བ་ཞིག་ཡིན།

ཤེས་གསལ་ལྟར་ན། 2014ལོའི་ཡར་ཀླུང་རིག་གནས་དུས་ཆེན་དེ་ཟླ8པའི་ཚེས20ཉིན་བར་གཏོང་རྒྱུ་ཡིན་ཞིང་། དེའི་བར་དུ་སྒྲིག་འཛུགས་ཨུ་ལྷན་གྱིས་རིག་རྩལ་འཁྲབ་སྟོན་དང་། ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན། ཡུལ་སྐོར་གྱི་མུ་འབྲེལ་བྱེད་སྒོ། ལྷོ་ཁའི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་། ཚོང་འགུག་དངུལ་འདྲེན་རྣམ་གྲངས་མཚམས་སྦྱོར་ཚོགས་འདུ་སོགས་གཞིར་བཟུང་བའི་བྱེད་སྒོ་བཀོད་སྒྲིག་གནང་སྟེ། ཕྱོགས་མང་པོ་དང་ཟུར་མང་པོ་ནས་ལྷོ་ཁའི་འཕེལ་རྒྱས་གྲུབ་འབྲས་དང་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་བོད་ཀྱི་ལོ་རྒྱུས་ཀུན་ལ་ངོམ་རྒྱུ་རེད།

ཧུ་ནན་གྱི་སྲོལ་རྒྱུན་རིག་རྩལ་འཁྲབ་སྟོན། ཧྭ་ཀུའུ་ཟློས་གར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག