མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྒྱུར་བཅོས་ཀྱི་གསོན་ཤུགས་ཀྱིས་ནང་གནས་ཀྱི་སྒུལ་ཤུགས་ཆེ་མོ་སྐུལ་བ།

བོད་ལྗོངས་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-08-16 12:30

    ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་300ཡི་སྣེ་ཁྲིད་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པ་དང་།རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ།འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ།སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བར་བརྟེན་ནས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་པ།ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་།དེ་བས་མྱུར་བ།དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་མི་རྣམས་ཧང་སངས་དགོས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    རགས་རྩིས་ལྟར་ན།2013ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་802ཟིན་པ་དེ་2012ལོ་ལས་12.5%འཕར་བ་དང་།སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་910ཟིན་པ་དེ་28%འཕར་བ།སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་289ཟིན་པ་དེ་16%འཕར་བ།སྤྱི་པའི་རྒྱུ་ནོར་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་95ཟིན་པ་དེ་18.6%འཕར་བ།ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6520ཟིན་པ་དེ་14%འཕར་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20192ཟིན་པ་དེ་11%འཕར་བ་ལ་སོགས་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་སྦྲགས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་མཐོ་རུ་སོང་ཡོད།

    2013ལོའི་ཟླ་10ཚེས་31ཉིན“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་གྲགས་པའི་མེ་ཏོག་ཏུ་མི་མང་པོ་འཛོམས་ནས་དགའ་བའི་གླུ་སྒྲ་གྲགས་ཤིང་།དུས་ཡུན་ལོ་བཞི་དང་ཟླ་དྲུག་རིང་དཀའ་བ་དུ་མ་སྤྱད་པ་བརྒྱུད་ཁྱོན་རིང་ཚད་སྤྱི་ལེ་117ཡོད་པ་དང་མ་འཇོག་བསྡོམས་སྒོར་དུང་ཕྱུར་16ཙམ་བྱས་པའི་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད།མེ་ཏོག་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ནི་རང་རྒྱལ་གྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་མཛད་རྗེས་རྡོ་རིང་ལྟ་བུ་ཞིག་དང་།རང་ལྗོངས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱས་པའི་མཚོན་རྟཌ་གལ་ཆེན་ཞིགམེ་ཏོག་གི་མི་རིཌ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་པའི་ཚེ་སྲོག་ལམ་བུ་དང་།མཐུན་སྒྲིལ་ལམ་བུ།དཔལ་འབྱོར་ལམ་བུ།སྣོད་བཅུད་ལམ་བུ།བདེ་སྐྱིད་ལམ་བུ་བཅས་སུ་གྱུར་ཡོད་པ་རེད།

    ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་།ལྷ་གཞིས་ལྕགས་ལམ།ཁྲོན་བོད་དྲ་སྦྲེལ་ལས་གྲྭ་སོགས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དག་ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་ཆར་རྗེས་སྨྱུག་རྩ་རྒྱས་པ་བཞིན་ཐོན་པ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྐུལ་འདེད་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི“རོགས་སྐུལ་འཕྲུལ་ཆས”ལྟ་བུ་ཞིག་ཏུ་གྱུར་ཡོད།གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར།2013ལོ་ཁོ་ནར“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྣམ་གྲངས་ལག་བསྟར་བྱེད་འགོ་འཛུགས་ཚད་188ཟིན་པ་དང་ལོ་ཧྲིལ་པོར་རྒྱལ་ཁབ་ཀྱིས་མ་འཇོག་སྒོར་དུང་ཕྱུར་380བྱས་པ་དེ་30%འཕར་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་བས་ཆེ་རུ་སོང་ཞིང་།དེ་དང་དུས་མཚུངས་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱང་བབ་བསྟུན་འཕེལ་རྒྱས་དང་ཟམ་མི་ཆད་པར་སྟོབས་ཆེར་སོང་ནས་གངས་ལྗོངས་ས་མཐོའི“ཐུན་མོང་མ་ཡིན་པའི”མིང་བྱང་ཞིག་ཏུ་གྱུར་ཡོད་པ་རེད།

    2013ལོའི་ཟླ་བཅུ་གཅིག་པར་བོད་ལྗོངས་5100གཏེར་ཆུར་སྐབས་བཅུ་པའི་འཛམ་གླིང་གི་དམ་བླུགས་གཏེར་ཆུའི་ཚོགས་ཆེན་ཐོག“གཏེར་ཆུ་ལེགས་ཤོས་ཀྱི་བྱ་དགའ”ཐོབ་ནས་རྒྱལ་སྤྱིའི་བསྔགས་བརྗོད་ཐོབ་པ་མ་ཟད།ད་དུང་ས་གནས་ཁག་གི་དོ་སྣང་ཆེན་པོའང་ཐོབ་ཡོད།མིག་སྔའི་བར་འཛམ་གླིང་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་རང་ལྗོངས་ཀྱི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་ཐེབས་པ་དང་།རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་བྱུང་བ།ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་དང་།བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས།མི་རིགས་ལག་ཤེས་བཟོ་ལས་སོགས་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག