མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-08-16 12:30

    ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཟླ་8ཚེས་15ཉིན་དངོས་སུ་ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་མེ་འཁོར་ཐོག་མ་དེ་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་9པར་ལྷ་ས་བབས་ཚུགས་ནས་ཐོན་རྒྱུ་རེད།

    ལྷ་གཞིས་ལྕགས་ལམ་ཁྱོན་རིང་ཚད་སྤྱི་ལེ་251ཡོད་པ་དང་སྟོད་ལུང་བདེ་ཆེན་རྫོང་དང་།ཆུ་ཤུར་རྫོང་།སྙེ་མོ་རྫོང་།རིན་སྤུངས་རྫོང་བཅས་བརྒྱུད་ནས་བོད་ལྷོ་ནུབ་ཀྱི་གྲོང་ཁྱེར་གཙོ་བོ་གཞིས་རྩེར་སླེབས་ཀྱི་ཡོད།ལམ་ཐིག་ཧྲིལ་པོར་ལྷ་སའི་ལྷོ་ཚུགས་དང་།ཆུ་ཤུར།གཞིས་རྩེ་སོགས་ཀྱི་བབས་ཚུགས་14ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་120ཟིན་པ།ལོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་830ཡན་ཟིན་རྒྱུ་རེད།

    ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ཀྱི་ལྕགས་ལམ་དྲ་བའི་གྲུབ་ཆ་འཐུས་ཚང་དུ་ཕྱིན་ནས་བོད་ཀྱི་ལྷོ་ནུབ་ས་ཁུལ་གྱི་ལམ་ཐིག་རྐྱང་པའི་གཞུང་ལམ་སྐྱེལ་འདྲེན་གྱི་རྣམ་པར་འགྱུར་ལྡོག་བྱུང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་།གཞུང་ཁོངས་རྒྱུ་ནོར་གསར་སྤེལ་ལ་སྐུལ་འདེད།ལམ་རྒྱུད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་གཏོང་།མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད།    (གོང་གི་པར་རིས་ནི་ལྷ་ས་ནས་གཞིས་རྩེར་གཏོང་བའི་མེ་འཁོར་ཡིན་པ)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག