མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གནམ་གཤིས་ཚན་པས་འགྲིམ་འགྲུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-16 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་གནམ་གཤིས་ཚན་པས་རྒྱུན་ཆད་མེད་པར་འགྲིམ་འགྲུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང༌། དེང་སྐབས་ལྗོངས་ཡོངས་ཀྱིས་འགྲིམ་འགྲུལ་གནམ་གཤིས་རང་འགུལ་ས་ཚིགས་དགུ་བསྐྲུན་ཟིན་པ་དེས་གཙོ་བོ་གསལ་པོ་མཐོང་ཚད་དང༌། ལམ་ངོས་གནས་ཚུལ། དྲོད་ཚད། ལྟོས་བཅས་བརླན་ཚད། རླུང་ཕྱོགས་རླུང་ཤུགས། ཆར་པ་བབས་ཚད་སོགས་ལ་ལྟ་སྐུལ་ཚད་ལེན་བྱེད་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་གནམ་གཤིས་ས་ཚིགས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་མི་མེད་རང་འགུལ་གནམ་གཤིས་ས་ཚིགས11དང་། མི་ཡོད་རང་འགུལ་གནམ་གཤིས་ས་ཚིགས4། ཚ་གླིང་ནུས་པའི་གནམ་གཤིས་ས་ཚིགས་བཅས་དང་མཉམ་འགུལ་བྱེད་པའི་གནམ་གཤིས་ལྟ་སྐུལ་ཚད་ལེན་དང་ཉེན་བརྡའི་ཞབས་ཞུ་གཞི་གཅིག་ཏུ་སྒྲིལ་བའི་དྲ་མིག་ཅན་གྱི་ལྟ་སྐུལ་ཚད་ལེན་མ་ལག་ཅིག་ཆགས་ཟིན་པ་དེས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཚན་པས་གནོད་འཚེ་རང་བཞིན་གྱི་གནམ་གཤིས་ལ་ལྟ་སྐུལ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ཆ་འཕྲིན་གྱི་དགོས་མཁོ་བསྐོངས་ཐུབ་པ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག