མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་གཞིས་ལྕགས་ལམ་ཟླ8པའི་ཚེས15ཉིན་ཤར་གཏོངབྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-15 10:50

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཟླ8པའི་ཚེས15ཉིན་ཤར་གཏོང་བྱེད་རྒྱུ་ཡིན་པས་འཁོར་སྐྱོད་ཚོང་གཉེར་བྱེད་འགོ་བརྩམས། མེ་འཁོར་ཐོག་མ་ཟླ8པའི་ཚེས16ཉིན་གྱི་ཆུ་ཚོད9ཡི་སྟེང་ལྷ་སའི་མེ་འཁོར་ས་ཚུགས་ནས་ཤར་གཏོང་བྱ་རྒྱུ་རེད། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་ལྕགས་ལམ་དེ་མཚོ་བོད་ལྕགས་ལམ་གྱི་རྒྱུན་སྲིང་ལམ་ཐིག་ཡིན་པའི་ཆ་ནས། ལྷ་གཞིས་ལྕགས་ལམ2010ལོའི་ཟླ9བའི་ཚེས26ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ253ཡོད། མེ་འཁོར་མགྱོགས་ཚད་ནི་དུས་ཚོད་རེར་སྤྱི་ལེ120རེ་ཡིན་པ་དང་། མེ་འཁོར་ཤར་གཏོང་བྱས་རྗེས་ལྷ་ས་ནས་གཞིས་རྩེ་བར་ལ་དུས་ཚོད་གཉིས་ཀྱི་ལམ་ཐག་མ་གཏོགས་མེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག