མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་འགྲིམ་འགྲུལ་གནམ་གཤིས་ཆ་འཕྲིན་ཞབས་ཞུ་བྱ་བར་ཤུགས་བསྣན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-15 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་གནམ་གཤིས་སྡེ་ཁག་གིས་འགྲིམ་འགྲུལ་གནམ་གཤིས་ས་ཚུགས་འཛུགས་སྐྲུན་བྱེད་པའི་ནུས་བ་མུ་མཐུད་དུ་ཇེ་ཆེར་བཏང་། མིག་སྔར། ལྗོངས་ཡོངས་སུ་འགྲིམ་འགྲུལ་གནམ་གཤིས་རང་འགུལ་ས་ཚུགས9བཙུགས་ཡོད་ཅིང་། གཙོ་བོ་མིག་གིས་ཟིན་ཐུབ་ཚད་དང་། ལམ་གྱི་དྲོད་ཚད། ལམ་ངོས་ཀྱི་གནས་ཚུལ། བརྙན་ཟློས་དངོས་ལྗོངས་ལྟ་དཔྱད་ཚད་འཇལ། དྲོད་ཚད། རློན་ཚད། རླུང་གི་ཁ་ཕྱོགས་དང་མགྱོགས་ཚད། སྲ་གཟུགས་དང་གཤེར་གཟུགས་ཀྱི་ཆར་ཆུ་འབབ་ཚུལ་བཅས་ལ་ལྟ་དཔྱད་ཚད་འཇལ་བྱེད་བཞིན་ཡོད།

ལྷ་ས་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཅུའུ་ལྟ་དཔྱད་ཁྲུའུ་ཡི་ཁྲུའུ་ཀྲང་མ་ཡུང་ཧུང་གིས་གསར་འགོད་པར་བཤད་རྒྱུར། རྗེས་ཕྱོགས་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་འགྲིམ་འགྲུལ་དང་སྤྱི་བདེ་སྡེ་ཁག་གི་མཉམ་ལས་ལ་ཤུགས་བསྣན་ཏེ། གཞུང་ལམ་འགྲིམ་འགྲུལ་གྱི་གནམ་གཤིས་སྔོན་བརྡ་སྔོན་ཟོན་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་པ་དང་། འགྲིམ་འགྲུལ་གནམ་གཤིས་ཞབས་ཞུ་བྱ་བའི་གོ་རིམ་ཚད་ལྡན་འཛུགས་པ། གཞུང་ལམ་འགྲིམ་འགྲུལ་ཐབས་ཇུས་འཐུས་ཚང་དུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་དང་ཆེད་ལས་སྐོར་གྱི་ཞབས་ཞུ་སྣ་མང་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག