མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲུང་ཆིན་གྲོང་ཁྱེར་གྱིས་ཆབ་མདོ་ས་ཁུལ་དུ་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་བསྡུས་ཏེ་ལས་གནས622མཁོ་འདོན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-13 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཁྲུང་ཆིན་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་དང་། ཆབ་མདོ་ས་ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མཉམ་འབྲེལ་བྱས་པའི་ཁྲུང་ཆིན་གྲོང་ཁྱེར་གྱི2014ལོའི་ལས་ཞུགས་བོད་སྐྱོར་ཆབ་མདོ་ས་ཁུལ་མི་ཤུགས་ཐོན་ཁུངས་ཀྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་དེ་ཆབ་མདོ་ས་ཨུའི་ཏང་གི་སློབ་གྲྭ་རུ་སྤེལ་བ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ས་གཤིས་དང་ཁོར་ཡུག འཕེལ་རྒྱས་ཀྱི་དུས་འཚམས་སོགས་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པ་ལས། ཆབ་མདོ་ས་ཁུལ་གྱིས་ལས་ཞུགས་རྒྱ་བསྐྱེད་པ་དང་ལས་ཞུགས་འོས་འགན་བརྟན་རླིང་དུ་གཏོང་བར་དཀའ་ཚེགས་་ཧ་ཅང་ཆེ། ལས་ཞུགས་བོད་སྐྱོར་གྱི་ལས་དོན་སྤེལ་བའི་ཚུན། ཆབ་མདོ་ས་ཁུལ་གྱི་ལས་ལ་ཞུགས་མེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ལ་ཞུགས་མེད་པའི་མི་སྣ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་བ་ལྷག་མ་སོགས་ཀྱི་ཚོགས་སྤྱིར་ཐད་ཀར་དུ་ལས་ལ་ཞུགས་པའི་གར་སྟེགས་སྐྲུན་ཏེ། སྣེ་མང་གི་ལས་རིགས་འདེམས་པའི་གོ་སྐབས་མཁོ་འདོན་བྱས་ནས། མི་ཤུགས་ཐོན་ཁུངས་འོས་འཚམ་ངང་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།

ཐེངས་འདིའི་ལས་མི་བསྡུ་བའི་ཚོགས་འདུར་བསྡོམས་པས་ཁེ་ལས22དང་ལས་དོན་སྡེ་ཁག7ཞུགས་ཡོད་པ་དང་། སྤྱི་ཚོགས་ཀྱི་ཚོགས་སྤྱི་མི་འདྲ་བར་འཕྲུལ་ཆས་ལས་སྣོན་དང་། བཟའ་བཏུང་ཞབས་ཞུ། ཁྲོམ་རའི་ཚོང་གཉེར། སྲིད་འཛིན་དོ་དམ། སྨན་བཅོས་འཕྲོད་བསྟེན་སོགས་དང་འབྲེལ་བའི་ལས་གནས622མཁོ་འདོན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག