མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-13 10:37

ཀྲུང་གོའི་བོད་ཀྱིོ་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་མང་པོ་བེད་སྤྱད་དེ་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བྱས།

མིག་སྔར། དགོན་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་དགོན་སྡེ་ལ་ཐོན་པའི་རྣམ་གྲངས21ལེགས་འགྲུབ་བྱུང་ཞིང་། འཛུགས་སྐྲུན་ལམ་ཐག་སྤྱི་ལེ72.38ལ་སླེབས་ཡོད་དེ། བསྡོམས་པས་མ་དངུལ་སྒོར་ཁྲི9345.04བཏང་ཡོད། ཟླ1པོ་ནས་ཟླ7པའི་བར། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས29ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4018.6བཏང་ཡོད། དེ་དང་ཆབས་ཅིག ད་ལོར་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཆོག་མཆན་ཐོབ་ཏེ་མིང་ཐོ་བཀོད་པའི་རྣམ་གྲངས་གཙོ་བོ་སྟེ་རྒྱལ་ལམ318ཀྱི་ཆུ་ཤུར་དང་སྟག་རྩེ་ལམ་མཚམས་ཀྱི་ཟམ་ཆེན་རྣམ་གྲངས་གཉིས་འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར5.78བཏང་ཡོད་དེ། འཛུགས་སྐྲུན་ལམ་ཐག་སྤྱི་ལེ56.6བཅས་ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག