མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྤོ་འགུལ་བྱེད་ཆོག་པའི་གནས་རྫས་ཡོངས་བཤེར་ཐེངས་དང་པོ་དངོས་སུ་ལག་བསྟར་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-12 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “མལ་གྲོ་གོང་དཀར་རྫོང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་རང་བཞིན་གྱི་སྤོ་འགུལ་བྱེད་ཆོག་པའི་གནའ་རྫས་ཡོངས་བཤེར་ཐེངས་དང་པོ་སྤེལ་བའི་ཚོད་ལྟ་རྫོང་ཡིན་པའི་ཆ་ནས། ཡོངས་བཤེར་བྱ་བ་དེ་རྫོང་འདི་ནས་ཐོག་དང་པོ་ལག་བསྟར་དང་ཚོད་ལྟ་བྱེད་པ་ལས། ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་རང་བཞིན་གྱི་སྤོ་འགུལ་བྱེད་ཆོག་པའི་གནའ་རྫས་ཡོངས་བཤེར་ཐེངས་དང་པོ་སྤེལ་བའི་བྱ་བ་དངོས་སུ་ལག་བསྟར་བྱེད་པའི་དུས་རིམ་ལ་སླེབས་པ་མཚོན”ཞེས་ལྷ་ས་གྲོང་ཁྱེར་གྱི་གནའ་རྫས་ཅུའུ་ཡི་ཅུའུ་ཡི་ཞིབ་འཇུག་བརྟག་དཔྱད་པ་གཞོན་པ་ཅིན་ཡུན་ཁྲུན་གྱིས་ཚེས11ཉིན་གསར་འགོད་པར་དེ་ལྟར་བཤད།

ཅིན་ཡུན་ཁྲུན་གྱིས་བཤད་རྒྱུར། ཐེངས་འདིའི་བོད་ལྗོངས་སུ་སྤེལ་བའི་ཡོངས་བཤེར་བྱ་བར་སྔོན་གྱི་གྲ་སྒྲིག་དང་། ཡོངས་བཤེར་ལག་བསྟར། ཞིབ་བཤེར་རྩིས་ལེན་དང་ཕྱོགས་བསྡོམས་བྱེད་པ་སོགས་འདུས། ཉེ་སྔོན་བསྡུས་པའི་སྤོ་འགུལ་བྱེད་ཆོག་པའི་གནའ་རྫས་ཡོངས་བཤེར་ཚོད་ལྟ་བྱ་བའི་གསོ་སྦྱོང་ཚོགས་འདུ་སྟེང་། མལ་གྲོ་གོང་དཀར་རྫོང་དེ་ཡོངས་བཤེར་བྱ་བའི་ཚོད་ལྟ་རྫོང་རུ་གཏན་ཁེལ་བྱས་ཤིང་། དུས་དེ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་རང་བཞིན་གྱི་སྤོ་འགུལ་བྱེད་ཆོག་པའི་གནའ་རྫས་ཡོངས་བཤེར་ཐེངས་དང་པོ་སྤེལ་བའི་བྱ་བ་དངོས་སུ་ལག་བསྟར་བྱེད་པའི་དུས་རིམ་ལ་སླེབས། ཐེངས་འདིའི་ཡོངས་བཤེར་བྱ་འགུལ2016ལོའི་ཟླ12པའི་ཚེས31མཇུག་སྒྲིལ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝུའུ་ཡ་སུང་གིས་བསྟན་དོན། ཁྲིམས་ལུགས་ལྟར་གནའ་རྫས་ཡོངས་བཤེར་བྱ་བ་སྤེལ་བ་ལས་ལྷ་ས་གྲོང་ཁྱེར་གྱི་གནའ་རྫས་ཐོན་ཁུངས་ཀྱི་གནས་ཚུལ་དང་རིན་ཐང་ཡོངས་སུ་ངེས་འཛིན་དང་གདེང་འཇོག་བྱེད་པ་དང་། གནའ་རྫས་ཐོན་ཁུངས་ཧྲག་བསྡུ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་བའི་རིག་གནས་ཞབས་ཞུའི་བརྗོད་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་རྒྱབ་སྐྱོར་གང་ལེགས་བྱེད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག