མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་སྒྱུར་དང་རྫོང་སྟོབས་ཆེན་དུ་གཏོང་བའི་རྣམ་གྲངས12དངོས་འབེབས་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-12 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་རྣམ་གྲངས33སྙན་ཞུ་རུ་འབུལ་བ་དང་། སྙན་ཞུ་འབུལ་བའི་སྤྱིའི་གྲོན་དངུལ་སྒོར་དུང་ཕྱུར3.23ལ་སླེབས་ཡོད། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་སྒྱུར་དང་རྫོང་སྟོབས་ཆེན་དུ་གཏོང་བའི་རྣམ་གྲངས12དངོས་འབེབས་བྱས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི2500ལྷག་བཏང་བ་དངོས་འབེབས་བྱས་པས། དེ་དག་ཡོངས་རྫོགས་ནི་རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་སྒྱུར་དང་རྫོང་སྟོབས་ཆེན་དུ་གཏོང་བའི་རྣམ་གྲངས་རེད།

རྒྱུས་ལོན་ལྟར་ན། ད་ལོའི་ལོ་སྟོད་དུ་སྙན་ཞུ་ཕུལ་བའི་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་རྣམ་གྲངས་ཁྲོད། མེ་སྟག་འཆར་གཞིའི་རྣམ་གྲངས10ཡོད་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི1340གཏོང་བར་སྙན་ཞུ་འབུལ་ཡོད། རྒྱལ་ཁབ་ཀྱིས་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་སྒྱུར་དང་རྫོང་སྟོབས་ཆེན་དུ་གཏོང་བའི་རྣམ་གྲངས19སྙན་ཞུ་རུ་ཕུལ་བ་དང་། དེའི་ནང་རྣམ་གྲངས12ལ་རྒྱལ་ཁབ་ཚན་རྩལ་པུའུ་ཡིས་ཆོག་མཆན་ཐོབ་ཏེ་མིང་ཐོ་བཀོད་ཅིང་། རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི2500གཏོང་རྒྱུ་ཡིན། རྒྱལ་ཁབ་ཀྱི“973”འཆར་གཞིའི་རྣམ་གྲངས1ཡོད་ཅིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི3200ལྷག་གཏོང་དགོས་པའི་སྙན་ཞུ་འབུལ་ཡོད། རྒྱལ་ཁབ་ཀྱིས་རྒྱབ་སྐྱོབ་བྱེད་པའི་འཆར་གཞི་རྣམ་གྲངས6ཡོད་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར2.15གཏོང་བར་སྙན་ཞུ་འབུལ་ཡོད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་ཀྱིས་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་སྒྱུར་དང་རྫོང་སྟོབས་ཆེན་དུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་དེ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཕུལ་བྱུང་སྟེ། ནས་དང་། མཐོ་སྒང་གི་ཡུངས་དཀར། ཞོག་ཁོག དྲོད་ཁང་གི་སྔོ་ཚོལ། ར་མ། འབྲུ་གཡག ལུག ཕག བྱ་ཕོ། བོད་སྨན། ནགས་ཚལ་ཐོན་ཁུངས་སོགས་ཐོན་ལས་ཕུལ་བྱུང་གྲུབ་པ་དང་འཕེལ་རྒྱས་བྱུང་བར་ཚན་རིག་གི་རྒྱབ་རྟེན་ངེས་ཅན་མཁོ་འདོན་བྱས་པ་མ་ཟད། རྫོང་ཁོག་གི་དཔལ་འབྱོར་སྟོབས་ཆེན་དུ་གཏོང་བ་དང་། ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ཀྱི་ཕྱོགས་ལ་སྐུལ་འདེད་བྱེད་པའི་ནུས་བ་གང་ལེགས་བཏོན་ཡོད་དེ། དོན་དངོས་དང་བསྟུན་པའི་པའི་སྒོ་ནས་དམངས་ཕྱུག་སྒྱུར་དང་རྫོང་སྟོབས་ཆེན་དུ་གཏོང་བའི་དམིགས་འབེན་དངོས་སུ་མངོན་འགྱུར་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག