མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-11 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ཁང་གཞུང་སྒྲུབ་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཟླ8པའི་ཚེས12ཉིན་ནས་ཚེས13ཉིན་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་དེར་རྒྱལ་ཁབ་ཕྱི་ནང་གི་འཐུས་མི100ལྷག་ཚོགས་འདུར་ཞུགས་རྒྱུ་ཡིན་ལ། དེའི་ནང་ཕྱི་རྒྱལ་གྱི་འཐུས་མི40ལྷག་ཡོད། འདི་ནི་བོད་ལྗོངས་སུ་ཐོག་དང་པོར་ཕྱི་གླིང་བ་མང་པོ་ཞུགས་ཡོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་ཚོགས་ཐོག་དང་པོ་བསྡུས་པའང་ཡིན། ད་ལོའི“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་བརྗོད་བྱ་ནི“བོད་ལྗོངས་འཕེལ་རྒྱས་ཀྱི་གོ་སྐབས་དང་འདེམས་སྒུག”ཞེས་པ་དེ་ཡིན་ཞིང་། “བོད་ལྗོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་ཕྱོགས”དང་། “བོད་ལྗོངས་ཀྱི་རིག་གནས་བརྒྱུད་འཛིན་དང་སྲུང་སྐྱོང”“བོད་ལྗོངས་ཀྱི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང”ཞེས་གྲོས་དོན་གསུམ་བཀོད་སྒྲིག་བྱས་ཡོད། གླེང་སྟེགས་མཇུག་སྒྲིལ་རྗེས། འཐུས་མ་རྣམས་ཀྱིས་ལྷ་ས་དང་ཉིང་ཁྲི་སོགས་ས་ཁུལ་ནས་ལྟ་སྐོར་དང་རྟོག་ཞིབ་བྱ་རྒྱུ་ཡིན་ཞིང་། བོད་ལྗོངས་འཕེལ་རྒྱས་བྱུང་བའི་འགྱུར་ལྡོག་ལ་ལྷག་བསམ་རྣམ་དག་གིས་རོལ་མྱོང་བྱས་པ་བརྒྱུད། བོད་ལྗོངས་ངོ་མ་ཞིག་རྒྱུས་ལོན་ཡང་དག་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག