མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-11 11:02

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན་ནི་རང་རྒྱལ་གྱི་ཐེངས་དྲུག་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་ཡིན་ཞིང་། ལྷོ་ཁ་ས་ཁུལ་གྱི་རྒན་པ300ལྷག་ལྷོ་ཁ་ས་ཁུལ་གྱི་ལུས་རྩལ་ར་བ་རུ་འཛོམས་ཏེ། རླུང་འཕྲིན་ལུས་སྦྱོང་དང་། ཐའེ་ཅི་ཆོན་ལས་རྩལ། གཟུགས་གཞི་བདེ་འཇུག་ལུས་རྩལ་སོགས་འགྲན་བསྡུར་རབ་དང་རིམ་པ་སྤེལ་བ་རེད། 

  ལྷོ་ཁ་ས་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཁྲིམས་ལས་སྤེན་པས་བཤད་རྒྱུར། ད་ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་བརྗོད་བྱ་ནི་དམངས་ཡོངས་ཀྱིས་ལུས་སྦྱོང་བྱས་ཏེ་བདེ་ཐང་ལ་སྐུལ་འདེད་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་བདུན་བསྐྲུན་ཞེས་པ་དེ་ཡིན། ས་ཁུལ་གྱིས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། དཔེ་སྟོན་དང་མཛུད་ཁྲིད་བྱས་པ་བརྒྱུད། སྤྱི་ཚོགས་ཡོངས་ནས་ལུས་སྦྱོང་ལ་བརྩི་མཐོང་དང་། ལུས་སྦྱོང་ཁྲོད་ཞུགས་ཏེ་བདེ་ཐང་དཔལ་ཡོན་ལྡན་པའི་འཚོ་བར་སྙེག་པའི་ཁོར་ཡུག་དང་རྣམ་པ་བསྐྲུན་དགོས་ཞིང་། མང་ཚོགས་སྔར་ལས་མང་པོ་ཞིག་དམངས་ཡོངས་ལུས་སྦྱོང་ཁྲོད་ཞུགས་པར་སྣེ་ཁྲིད་གང་ལེགས་བྱེད་དགོས་ཟེར།  །

山南地区开展“全民健身日”系列活动

འདི་ནི་གཟུགས་གཞི་བདེ་འཇུག་ལུས་རྩལ་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

山南地区开展“全民健身日”系列活动

འདི་ནི་རླུང་འཕྲིན་ལུས་སྦྱོང་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

山南地区开展“全民健身日”系列活动

འདི་ནི་ཐའེ་ཅི་ཆོན་ལས་རྩལ་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག