མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་ཚོགས་འདུ་ལྷོ་ཁ་ས་ཁུལ་དུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-10 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་གྱི་ས་ཆ་དངོས་ཀྱི་ཚོགས་འདུ་ལྷོ་ཁ་ས་ཁུལ་དུ་སྐོང་འཚོགས་བྱས་པ་དང༌། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

 ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་གིས་འབྲུ་རིགས་དང་ལྷག་པར་དུ། ནས་ཀྱི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུ་དང་འབྲོག་ལས་ཀྱི་དངོས་སྤྱོད་ཚན་རྩལ་ཁྱབ་གདལ་བེད་སྤྱོད་སོགས་ཀྱི་ལས་ཀར་གཙོ་གནད་ཐོག་དམ་འཛིན་བྱས་ནས། ཐོན་ཁུངས་བེད་སྤྱོད་བྱེད་ཚད་དང་ས་ཞིང་གི་ཐོན་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་མཐོ་རུ་གཏོང་རྒྱུས་དམིགས་ཡུལ་བྱེད་པ་དང་། ཐོན་སྐྱེད་འཕར་སྣོན་དང་ཕན་ནུས་འཕར་སྣོན་ཡོང་བ་བྱེད་རྒྱུ་གཉིས་ཀ་གལ་ཆེ་ཆུང་གཅིག་པར་འཛིན་རྒྱུ་དང་། སོན་བཟང་ཐབས་བཟང་གཉིས་ཀ་ཆ་ཚང་བ་བྱེད་པ། ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཟུང་འབྲེལ་བྱེད་པ། ཐོན་སྐྱེད་དང་སྐྱེ་ཁམས་མཐུན་སྦྱོར་ཡོང་བ་བྱེད་རྒྱུ་བཅས་ཀྱིས་གཞི་རྩའི་བླང་བྱ་བྱས་ཏེ། སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་མཉམ་འབྲེལ་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་མཐོ་དང་སྤུས་ལེགས། ཕན་ཆེ། སྐྱེ་ཁམས། བདེ་འཇགས་བཅས་ཀྱི་གོང་འཕེལ་གྱི་དགོས་མཁོ་དང་འཚམ་པའི་ཚན་རྩལ་ཞབས་ཞུའི་མ་ལག་ཅིག་གཏོད་དེ། ཞིང་འབྲོག་ལས་གོང་འཕེལ་གཏོང་སྟངས་བསྒྱུར་མགྱོགས་སུ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། ཚན་རྩལ་གྱི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག