མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིན་དང་ཅང་སུའུ་སློབ་ཆེན་དབར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-10 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས7ཉིན་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་དང་ཅང་སུའུ་སློབ་ཆེན་གྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་ལྡན་མི་སྣ་དང་ལག་རྩལ་སྤེལ་རེས་དང་མཉམ་ལས་སྔར་བས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་བཞུགས་མོལ་བྱས་པ་དང༌། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གིས་ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྤེལ་ཚུལ་བརྡ་ཁྱབ་གནང་བ་དང་། ཕྱོགས་གཉིས་པོས་སློབ་ཆེན་དང་ས་གནས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། སྤེན་པ་བཀྲ་ཤིས་ཀྱིས་ཅང་སུའུ་སློབ་ཆེན་གྱིས་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ། སྔར་རྒྱུན་ལྟར་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལག་རྩལ་མཉམ་ལས་སོགས་ཐད་རྒྱབ་སྐྱོར་བྱེད་རྒྱུའི་ཐུགས་རེ་གནང་བ་དང༌། ཁོང་གིས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཚན་པས་ཅང་སུའུ་སློབ་ཆེན་སོགས་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་མཐོ་རིམ་སློབ་ཆེན་དབར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག