མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་བཅོལ་དངུལ་དང་དངུལ་བུན་འཕར་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆའི་ཆ5.8ལས་མཐོ་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-10 11:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་འཁོར་རྒྱུག་བརྟན་པོ་བྱུང་བ་དང་། དངུལ་ཁང་གི་འཁོར་རྒྱུག་རང་བཞིན་ཅུང་འདང་ངེས་བྱུང་བ། ཡིད་རྟོན་དངུལ་བུན་འཕར་ཚད་སྤྱི་འབོར་མཚམས་པོ་བྱུང་བ། ཡིད་རྟོན་དངུལ་བུན་གཏོང་བའི་གོམ་སྟབས་ལུགས་དང་མཐུན་པ། དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་པ། མ་རྩའི་ཁྲོམ་རྭ་དང་འགན་བཅོལ་ཁྲོམ་རྭ་མུ་མཐུད་གོང་འཕེལ་བྱུང་བ། དངུལ་རྩས་ལྗོངས་ཡོངས་ཀྱི་དངོས་གཟུགས་དཔལ་འབྱོར་གྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཤུགས་དེ་བས་ནུས་ལྡན་བྱུང་བ་བཅས་བྱུང་ཡོད།

ཟླ6པའི་ཟླ་མཇུག་བར་སླེབས་སྐབས། བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དུས་མཚུངས་དང་བསྡུར་ཚེ26.21%འཕར་ཡོད་པ་དང་། ན་ནིང་ལོ་མགོ་དང་བསྡུར་ཚེ15.17%འཕར་ཡོད་ཅིང་། རྒྱལ་ཡོངས་ཀྱི་བཅོལ་དངུལ་ཁག་གི་འཕར་ཚད་བརྒྱ་ཆའི་ཆ5.8ཡིན་པ་ལས་མཐོ་བ་སླེབས་ཏེ། འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁག་ནང་ཨང་དང་པོ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག