མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་སློབ་མར་རྒྱལ་ཡོངས་ལས་རིགས་ལག་རྩལ་སློབ་གྲྭའི་ལག་རྩལ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-08-10 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2014ལོའི་རྒྱལ་ཡོངས་ལས་རིགས་ལག་རྩལ་སློབ་གྲྭའི་ལག་རྩལ་འགྲན་སྡུར་གྱི་གྲུབ་འབྲས་སྤྱི་བསྒྲགས་བྱས་པ་དང་། ཉིན་པོ་གྲོང་ཁྱེར་ཡུན་ཀྲའོ་ལས་རིགས་ལག་རྩལ་མཐོ་རིམ་སློབ་འབྲིང་གི2011ལོའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བཀྲ་ཤིས་ཆོས་ལྡན་གྱིས་འགྲན་ཞུགས་བདམས་ཐོན་པ69ཡི་ཁྲོད་ནས། རླང་འཁོར་བཀོལ་སྤྱོད་དང་ཞིག་གསོའི་འགྲན་སྡུར། རླང་འཁོར་ཧྲིལ་པོའི་ཞིག་གསོའི་རྣམ་གྲངས་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་བླངས།

ཤེས་གསལ་ལྟར་ན། རྒྱལ་ཡོངས་ལས་རིགས་ལག་རྩལ་སློབ་གྲྭའི་ལག་རྩལ་འགྲན་སྡུར་ནི་ཆེད་ལས་ཀྱི་ཁྱབ་ཚད་རྒྱ་ཆེ་བ་དང་། འགྲན་ཞུགས་བདམས་ཐོན་པ་མང་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་བ། གཙོ་གཉེར་གནང་མཁན་གྱི་མཉམ་ལས་ཚན་པ་ཆ་ཚང་བའི་རྒྱལ་ཁབ་རིམ་པའི་ལས་རིགས་ལག་རྩལ་སློབ་གྲྭའི་ལག་རྩལ་གྱི་འགྲན་སྡུར་ཞིག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག