མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མལ་གྲོ་གུང་དཀར་རྫོང་ཕྱི་ནང་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-09 11:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་སློབ་གསོ་བྱ་གཞག་གོང་འཕེལ་ཕྱིན་པ་དང་བསྟུན་ནས། མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་གྱི་ཡོད་པ་རེད།

དེང་སྐབས་གྲོང་ཚོ་དེ་ཡོངས་ལ་སློབ་ཆུང་སློབ་མ125དང༌། སློབ་འབྲིང་སློབ་མ86དང་། སློབ་གྲྭ་ཆེ་མོ་འགྲིམས་བཞིན་པའི་སློབ་མ38བཅས་ཡོད་ན་ཡང་ལོ་རྒྱུས་དང་ས་ཁམས་ཀྱི་རྐྱེན་པས་གྲོང་ཚོ་དེའི་མང་ཚོགས་ཀྱི་ཡོང་འབབ་ཅུང་ཉུང་བ་དང༌། མང་ཚོགས་ཁག་ཅིག་གི་ངལ་ནུས་མི་འདེང་བ། ཕྱུགས་འགྱུར་རྩལ་ནུས་ཞན་པར་བརྟེན་སློབ་མ་སློབ་གྲྭར་འགྲོ་རྒྱུར་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་པའི་གནས་ཚུལ་ལ་དམིགས་ཏེ། སྤྱི་ལོ2013ལོའི་ཟླ8པར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་མངག་གཏོང་བྱས་པའི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་དང༌། ཀྲུང་དབྱང་རྩ་འཛུགས་པུའི་ལས་བྱེད་ལས་བཟོ་པས་ཁྱིམ་ཚང་དཀའ་ངལ་ཆེ་བའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང༌། སློབ་གྲྭ་ཆེ་མོ་བ་བཅས་ཀྱི་སློབ་མར་རོགས་རམ་བྱས་པ་དང༌རོགས་སྐྱོར་བྱེད་ཡུལ་ཁྱིམ་ཚང་གི་སློབ་མ་རེར་སྒོར2000རེ་སྤྲད་པ་རེད།

ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་འཐུས་མི་ཐན་ཇའེ་ཡིས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོར་བཅའ་སྡོད་ཀྲུང་དབྱང་རྩ་འཛུགས་པུའི་བོད་སྐྱོར་ལས་བྱེད་པ་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་དོན་རུ་ཁག་གིས་དོན་དངོས་བྱ་སྤྱོད་ཀྱི་ཐོག་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ནས་ཁྱིམ་ཚང་དཀའ་ངལ་ཆེ་བའི་སློབ་མ་རྣམས་སློབ་གྲྭར་སྐྱོད་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག