མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་འཆད་ཁྲིད་པས་ཞི་ཅིན་ཕིན་གྱི་གསུང་བཤད་གཙོ་སྒྲིག་ཀློག་དེབ་གི་དགོངས་དོན་སྒྲོག་འགྲེལ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-08 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྷད་སྡིང་གྲོང་ཚོ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁང༌། ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་བཅས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ། གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཙོ་སྒྲིག་བྱས་པའི་ཀློག་དེབ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྷད་སྡིང་གྲོང་ཚོ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཀྱི་ཁྲོམ་གཞུང་དོན་གཅོད་ཁང་དུ་ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། ཆབ་སྲིད་དད་སེམས་བཙུགས་ནས་ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད། མུ་མཐུད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་ཧུར་ཐག་བྱེད་པ་བཅས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་སྒྲོག་འགྲེལ་བྱས་ཏེ། གཞི་རིམ་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་སྤྱི་ཚོགས་རྒྱབ་ལྗོངས་དང་གལ་ཆེའི་དོན་སྙིང་དང་གསུང་བཤད་ཀྱི་སྤྱིའི་ནང་དོན་དང་གྲུབ་ཆ། དགོངས་དོན་གྱི་ངོ་བོ་བཅས་འགྲེལ་བཤད་བརྒྱབ་པ་རེད།

 སྤྱི་ཟླ8པའི་ཚེས1ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་རྒན་ཚོས་ད་དུང་ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོས་ཀྲུང་གོའི་ཕུགས་འདུན། ལང་ཚོར་ཕུགས་འདུན་ཁེངས་པ་བྱེད་ཞེས་པས་འགོ་འཛུགས་ས་བྱས་པ་དང་། སློབ་མ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པའི་རྣམ་པ་བཟུང་སྟེ། བོད་ཡིག་གི་ཐོག་ནས་སློབ་མ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ་ཀྱི་སྤྱིའི་ནང་དོན་དང་གྲུབ་ཆ། དགོངས་དོན་གྱི་ངོ་བོ་བཅས་གསལ་བཤད་བྱསཏེ་སློབ་མ་ཚོས་ཡང་དག་པའི་ཕུགས་འདུན་དང་དད་སེམས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད།

སྒྲོག་འགྲེལ་མཇུག་སྒྲིལ་རྗེས་ཚང་མས་གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་དེ་བས་གཏིང་ཟབ་དང་ཡང་དག་པའི་སྒོ་ནས་གོ་བ་ལེན་ཐུབ་པ་དང་ཁོང་དུ་ཆུད་པ་བྱུང་བ་དང༌། སླད་ཕྱིན་གསུང་བཤད་ཀྱི་དགོངས་དོན་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཡག་ལ་མགྱོགས་པའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འགུལ་ཤུགས་ཆེ་མོ་ཞིག་ལ་འགྱུར་བ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག