མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དངུལ་རྩའི་ཞབས་ཞུ་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2014-08-08 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། ཞིང་ཕན་དངུལ་ལེན་ལས་དོན་སྤེལ་ནས་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་མེད་པའི་ཤང་གྲོང་རྡལ682ལ་ཡོངས་སུ་ཁྱབ་ཐུབ་པ་བྱུང་སྟེ། གཞི་རྩའི་ཆ་ནས་ཤང་གྲོང་རྡལ་རིམ་པར་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། སྤྱི་ཟླ6པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་ཁྱོན་དངུལ་ཁང་གཱ་ཡི་ཞིང་ཕན་ཞབས་ཞུ་ས་ཚིགས1949བཙུགས་པ་དང་། ཞིང་ཕན་དངུལ་ལེན་ཞབས་ཞུའི་འཕྲུལ་འཁོར2056བཀྲམ་ནས་སྲིད་འཛིན་གྲོང་ཚོ 1359ཡི་དངུལ་རྩའི་ཞབས་ཞུའི་སྟོང་ཆ་སྐོང་ཡོད་པ་རེད།

སྤྱི་ལོ2014ལོའི་ལོ་སྟོད་དུ་ཞིང་ཕན་དངུལ་ལེན་ཞབས་ཞུ་ས་ཚིགས609སྐྲུན་ཏེ་སྲིད་འཛིན་གྲོང་ཚོ389དངུལ་རྩའི་ཞབས་ཞུའི་སྟོང་ཆ་སྐོང་བ་དང་། ལྷག་པར་དུ་ས་བབ་མཐོ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཧ་ཅང་ཁ་ཐོར་ཡིན་པའི་མངའ་རིས་དང་ནག་ཆུ་ས་ཁུལ་གཉིས་སུ་དངུལ་ལེན་ས་ཚིགས་བཙུགས་པ་མ་ཟད། ཞབས་ཞུའི་ལས་ཀ་ཡག་པོ་གྲུབ་ཡོད་པ་རེད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དམངས་ཕན་དངུལ་ལེན་ཉོ་ཚོང་བྱེད་ཚད་སྒོར་ཁྲི་ཚོ1294ཟིན་པ་དེ་ན་ནིང་གི་དུས་མཚུངས་པའི་ལྡབ22ཡིན་པ་དང་། ཞིང་ཕན་དངུལ་ལེན་ལས་ཀར་རིམ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཁས་ལེན་ཐོབ་ཀྱི་ཡོད་པ་རེད།

མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། དབུ་འཛིན་གཞོན་པ་བསྟན་ཆོས་ཀྱིས་གོམ་སྟབས་རྗེས་མའི་ལས་ཀའི་ནང་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་དངུལ་རྩའི་དྲ་ཚིགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་སྔར་བས་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་ཞབས་ཞུའི་ནུས་པ་རྒྱ་སྐྱེད་གཏོང་བ། ཞིང་འཕྲུལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་རྩིས་ཐོ་སྤོ་བ་དང་དངུལ་སྐུར་བ། དྲ་སྦྲེལ་ཀུན་སྤྱོད་སོགས་ཀྱི་ནུས་པ་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ་དང་། གོམ་སྟབས་དབྱེ་ནས་ཞིང་འབྲོག་མང་ཚོགས་ཀྱིས་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་བྱེད་ཁག་པའི་གནད་དོན་ཐག་གཅོད་བརྟན་པོ་བྱེད་རྒྱུ་མ་ཟད། རིམ་བཞིན་དངུལ་ཁང་གཱ་བརྒྱུད་རྒན་གསོའི་འགན་བཅོལ་དང་། ཞིང་ལས་དང་འབྲེལ་བའི་ཁ་གསབ་སོགས་ཀྱི་དངུལ་སྤྲོད་ཐུབ་པ་བྱས་ཏེ། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་དེ་བས་བདེ་འཇགས་དང་དེ་བས་སྟབས་བདེ་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག