མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སློབ་ཆེན་སློབ་མའི་ཆེད་དོན་དང་བླངས་པ་བོད་ལྗོངས་ཀྱི་གཞི་རིམ་དུ་ཞབས་ཞུ་བསྒྲུབ་པར་བསྐྱོད་པ་རེད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-08 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང༌། སྤྱི་ལོ2014ལོའི་སློབ་ཆེན་སློབ་མའི་དང་བླངས་པས་ནུབ་རྒྱུད་ལ་ཞབས་ཞུ་བྱེད་པའི་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་རྡོག་ཐོན་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་པ་དང༌། རྒྱལ་ཡོངས་ཀྱི་ཞིང་ཆེན26ནས་གསར་དུ་བསྡུས་པའི་དང་བླངས་པ1770བོད་ལྗོངས་ཀྱི་གཞི་རིམ་དུ་དང་བླངས་ཞབས་ཞུ་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར། ད་ལོ་རྒྱལ་ཡོངས་ཁྱབ་ཁོངས་ནས་བོད་ཀྱི་ཆེད་དོན་རྣམ་གྲངས་ཀྱི་དང་བླངས་པ2000བསྡུས་ཡོད་པ་དང་སློབ་ཆེན180ཙམ་དང་འབྲེལ་ཡོད་པ་རེད། དུས་ཡུན་ཉིན་བཞིའི་རིང་གཅིག་བསྡུས་སྦྱོང་བརྡར་བྱས་པ་བརྒྱུད་གསར་དུ་བསྡུས་པའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ1770རྣམས་བོད་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་དང་ས་ཁུལ་བདུན་གྱི་ཐད་གཏོགས་ལས་ཁུངས། རྫོང39བཅས་ལ་དུས་ཡུན་ལོ་གཅིག་ནས་གསུམ་བར་གྱི་དང་བླངས་ཞབས་ཞུ་བྱེད་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་དང་བླངས་པ་བསྡུ་རྒྱུ་དེ་བོད་ལྗོངས་ཀྱི་གཞི་རིམ་དུ་དགོས་མཁོ་ཆེ་བའི་ཆེད་ལས་པ་བསྡུས་ཡོད་པ་དང༌། དང་བླངས་པ་གཞི་རིམ་དུ་སྐྱོད་པའི་བསྡུར་གྲངས90%ཟིན་པ་དང་། སྨན་བཅོས་འཕྲོད་བསྟེན་དང་གཞི་རིམ་སློབ་གསོ། ཞིང་འབྲོག་ལས་ཚན་རྩལ། གྲོང་ཁྱེར(གྲོང་རྡལ)དྲ་མིག་ཅན་གྱི་དོ་དམ། གཞི་རིམ་གྱི་ཁྲིམས་ལུགས་རོགས་སྐྱོར། གཞི་རིམ་སྤྱི་ཚོགས་དོ་དམ་སོགས་ཀྱི་ལས་དོན་བཅས་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པ་དང་། ས་ཁུལ་དེ་གའི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས། ཞི་མཐུན་བརྟན་ལྷིང་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག