མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཡོངས་སྐད་གཉིས་ཁྲིམས་དཔོན་བོད་ལྗོངས་ཟབ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-08-08 10:18

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་བོད་ལྗོངས་ཟབ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་བོད་ལྗོངས་ཡན་ལག་སློབ་གླིང་ནས་དངོས་སུ་བཀལ་བ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཡོན་ཀྲང་གཞོན་པ་ཁྲིན་ཏི་ཡོང༌། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུད་ལྷན་གྱི་ཧྲུའུ་ཅི་ཏིན་ཞའོ་ཀང་སོགས་འགོ་ཁྲིད་མང་བོ་ཞིག་སྒོ་འགེལ་བའི་མཛད་སྒོ་ལ་དངོས་སུ་ཞུགས། རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བསོད་དར་ལགས་ཀྱིས་མཛད་སྒོ་ལ་མདོ་འཛིན་མཛད།

ཁྲིན་ཏི་ཡོང་གིས་བཤད་རྒྱུར། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་གཅོད་འཇོན་མི་སྐྱེད་བསྲིང་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ནི། བོད་ཁུལ་ཁྲིམས་ཁང་གི་རྨང་གཞིའི་བྱ་བ་ཞིག་འཛུགས་བསྐྲུན་བྱས་པ་ཡིན་ལ། རིགས་སོ་སོའི་མི་དམངས་ཀྱི་གཏུགས་གཤེར་ཁེ་དབང་ཁྲིམས་མཐུན་གྱིས་ཁག་ཐེག་བྱས་པར་མ་ཟད། མི་རིགས་ས་ཁུལ་གྱི་ཞི་མཐུན་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་ལྟེ་གནས་འཛུགས་བསྐྲུན་གྱིས་མ་འོངས་པར་ཆུ་ཚད་མཐོ་ཞིང་བོད་རྒྱ་སྐད་གཉིས་ཀྱིས་ཉེས་དོན་ཞིབ་བཤེར་གྱི་བྱ་བར་ནུས་པ་བླ་ལྷག་འདོན་ཐུབ་པའི་ཁྲིམས་དཔོན་གྱི་མི་སྣ་སྐོར་ཞིག་གསོ་སྦྱོང་བྱེད་རྒྱུ་ཡིན་པར་བཤད།

ཁྲིན་ཏི་ཡོང་གིས་ཡང་བསྐྱར་བསྟན་དོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་སྡེ་ཁག་དང་བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གིས་ནན་ཏན་སྒོས་ཏང་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་སྐད་གཉིས་ཁྲིམས་དཔོན་བསྡུ་བའི་འགྲོ་ལམ་ཡངས་པོར་ཕྱེས་ནས་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་ནུས་པ་ཅན་དང་ལུགས་མཐུན་ཅན་དུ་ཁ་ཕྱོགས་དགོས་པར་མ་ཟད། ཟབ་སྦྱོང་ལྟེ་གནས་ཀྱི་འཛུགས་བསྐྲུན་དང་དོ་དམ། བེད་སྤྱོད། ནུས་པ་སོགས་མ་འོངས་བོད་ལྗོངས་ཀྱི་ས་གནས་དང་རྒྱ་ཆེའི་བོད་ཁུལ་དུ་སྤུས་ཚད་མཐོ་བའི་ཁྲིམས་དཔོན་ཟབ་སྦྱོང་ལྟེ་གནས་ཤིག་ཏུ་འཛུགས་བསྐྲུན་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་སྤུས་ཀ་མཐོ་བ། གྲངས་འབོར་རན་པ། སྒྲིག་གཞི་ཚང་བའི་བོད་རྒྱ་སྐད་གཉིས་ཚད་ལྡན་གྱི་ཁྲིམས་དཔོན་མང་བོ་ཞིག་སྐྱེད་བསྲིང་བྱེད་རྒྱུ་ཡིན་པར་བཤད།

ཏུན་ཞའོ་ཀང་གིས་བརྗོད་དོན། རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་བོད་ལྗོངས་ཟབ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་མཛད་སྒོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གི་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་མཛད་པ་མངོན་པར་མཚོན་ལ། བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་བྱ་བར་ཁག་ཐེག་བཟང་བོ་ཞིག་བྱསཔར་མ་ཟད། དུས་ཡུན་རིང་བོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མཛུབ་སྟོན་འོག ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་སོ་སོས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱ་བའི་བཀོད་སྒྲིག་དང་རེ་འདུན་ཡོད་ཚད་ལག་ལེན་མཐའ་འཁྱོལ་བྱས་ཏེ། བོད་རྒྱ་སྐད་གཉིས་ལ་ནང་བྱན་ཆུད་པའི་ཕུལ་བྱུང་ཁྲིམས་དཔོན་དང་རྐང་འཛིན་ལས་བྱེད་མང་པོ་གསོ་སྦྱོང་མཛད་དེ་རྗེས་ཕྱོགས་ཀྱི་ཁྲིམས་དོན་ཐག་གཅོད་བྱ་བར་ནུས་པ་གལ་ཆེན་བཏོན་ནས་སྤྱི་ཚོགས་ཡོངས་ཀྱིས་གདེང་འཇོག་ལེགས་པོ་ཐོབ་པར་བརྩོན་ལེན་བྱ་དགོས།

ཏུན་ཞའོ་ཀང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རྒྱལ་ཁབ་སྐྱོང་ན་མཐའ་མཚམས་ནས་སྐྱོང་དགོས། མཐའ་མཚམས་སྐྱོང་ན་ཐོག་མར་བདེ་འཇགས་ཡོང་དགོས ”ཞེས་པའི་བསམ་བློ་མཛུབ་སྟོན་ལག་ལེན་མཐའ་འཁྱོལ་བྱེད་དགོས་ལ། རྩ་ཁྲིམས་ནི་དམངས་ཀྱི་ཆེད་དང་རྩ་ཁྲིམས་དྲང་བདེན་བྱས་ཏེ་དམངས་ཀྱི་འདོད་བློ་ཡོངས་སུ་ཚིམ་པར་བྱེད་དགོས། རེ་བ་ནི་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཟབ་སྦྱོང་གི་གོ་སྐབས་བཟང་བོ་འདི་བརྒྱུད་དེ། “གཞི་རྒྱ་ཆེར་བསྐྱེད་དང་རུ་ཁག་སྤུས་ལྡན། རིམ་པ་བར་བརྒལ”གྱི་གཞི་རྩའི་བསམ་བློ་ལ་བརྟེན་ནས་ཟབ་སྦྱོང་ལྟེ་གནས་ནི་རྒྱལ་ཡོངས་ཀྱི་ཚད་མཐོའི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་ཟབ་སྦྱོང་ལྟེ་གནས་སུ་མངོན་འགྱུར་བྱས་ཏེ། ཆེད་གཉེར་ཅན་དང་ཆེད་ལས་ཅན། ཚད་ལྡན་ཅན་གྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་མང་བོ་སྐྱེད་བསྲིང་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་སྐད་གཉིས་སློབ་གསོ་ཟབ་སྦྱོང་གི་བྱ་བར་མཛད་རྗེས་གསར་བ་འཇོག་དགོས། ཞེས་མི་དམངས་ཁྲིམས་ཁང་གི་བྱ་བར་མཛུབ་སྟོན་གལ་ཆེན་གནངས།

མཛད་སྒོའི་མཇུག་བསྡུས་པ་དང༌། ཏུན་ཞའོ་ཀང་གིས་ཁྲིན་ཏི་ཡོང་འཁོར་དང་བཅས་པར་མཇལ་འཕྲད་གནང་པར་མ་ཟད། ཏུན་ཞའོ་ཀང་གིས་བོད་ལྗོངས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང། ཁོས་བཤད་རྒྱུར།དུས་ཡུན་རིང་བོར་ཀྲུང་དབྱང་གིས་བླ་ན་མེད་པའི་གཟིགས་སྐྱོང་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར། བོད་ལྗོངས་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་བོད་ལྗོངས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང༌། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་འདྲེན་འོག ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན། དམངས་དོན་བཅོས་བསྒྱུར། མི་རིགས་མཐུན་སྒྲིལ། མཐའ་མཚམས་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོབ་སོགས་ལ་འཕོ་འགྱུར་ཆེན་པོ་བྱུང༌།

2020ལོར་བོད་ལྗོངས་རྒྱལ་ཡོངས་དང་ལྷན་གཅིག་འབྱོར་འབྲིང་སྤྱི་ཚོགས་སུ་མངོན་འགྱུར་བྱེད་པར་མཐའ་གཅིག་ཏུ་བརྩོན་ཀྱིན་ཡོད། རེ་བ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བོད་ལྗོངས་དང་བོད་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་བྱ་བ་སྔར་ལས་ལྷག་པར་ཡར་རྒྱས་སུ་གཏོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་སོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག