མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སློབ་ཆེན་སློབ་མའི་དང་བླངས་པ267ལྷོ་ཁ་ས་ཁུལ་དུ་འབྱོར་ནས་ཞབས་ཞུ་བྱ་བ་བསྒྲུབ་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-08 10:05

4

འདི་ནི་བོད་ལྗོངས་ཕྱི་ནང་གི་སློབ་ཆེན་སློབ་མའི་དང་བླངས་པ267ལྷོ་ཁ་ས་ཁུལ་དུ་འབྱོར་བའི་གནས་ཚུལ་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། བོད་ལྗོངས་ཕྱི་ནང་གི་སློབ་ཆེན་སློབ་མས་རང་འདོད་ལྟར་ནུབ་རྒྱུད་ལ་ཞབས་ཞུ་སྒྲུབ་པའི་འཆར་གཞི་ཁྲོད་ཞུགས་པའི་དང་བླངས་པ267ལྷོ་ཁ་ས་ཁུལ་དུ་འབྱོར་ནས། ལྷོ་ཁ་ས་ཁུལ་གྱི་ལས་གནས་སོ་སོ་སྟེང་མངགས་ཏེ་ཞབས་ཞུ་བྱ་བ་བསྒྲུབ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སློབ་ཆེན་སློབ་མའི་དང་བླངས་པ267ནི་ཧོ་ནན་དང་། ཧོ་པེ། ཨན་ཧའེ་སོགས་ཞིང་ཆེན9ནས་ཡོང་བ་དང་། དེའི་ནང་དང་བླངས་པ93སྲིད་གཞུང་དང་ས་གནས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་སོགས་ས་གནས་ཐད་གཏོགས་ལས་ཁུངས29རུ་ཞབས་ཞུ་སྒྲུབ་པར་མངགས་གཏོང་བྱེད་རྒྱུ་ཡིན་ཞིང་། དང་བླངས་པ174གྲ་ནང་རྫོང་དང་། གོང་དཀར་རྫོང་། རྒྱ་ཚ་རྫོང་བཅས་རྫོང7དུ་ཞབས་ཞུ་བྱ་བ་སྒྲུབ་རྒྱུ་ཡིན་པ་རེད། ལས་གནས་ལ་གཞི་རིམ་གྱི་ན་གཞོན་བྱ་བ་དང་། རྨང་གཞིའི་སློབ་གསོ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། གཞི་རིམ་སྤྱི་ཚོགས་དོ་དམ་སོགས་འདུས་པ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག