མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་རྒྱལ་རྩེའི་མདའ་དམག་དུས་ཆེན་སྤྱི་ཟླ8པའི་ཚེས15ཉིན་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-08-07 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི་རྒྱལ་རྩེའི་མདའ་དམག་རིག་གནས་ཡུལ་སྐོར་དུས་ཆེན་དང་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་བྱུང་ནས་ལོ་ངོ110འཁོར་བར་དྲན་གསོ་བྱེད་པའི་དུས་ཆེན་དེ་སྤྱི་ཟླ8པའི་ཚེས15ཉིན་ནས་ཚེས20ཉིན་བར་རྒྱལ་རྩེ་རྫོང་དུ་སྤེལ་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་མདའ་དམག་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི“དཔའ་བོའི་གྲོང་ཁྱེར་དུ་ལྷན་འཛོམས་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་དང་། ལོ་བརྒྱའི་མདའ་དམག་གི་བརྩེ་སེམས་མྱང་ཆུ་ལས་ཀྱང་ཟབ”ཞེས་པ་དེ་ཡིན་པ་རེད།

ཤེས་རྟོགས་བྱུང་བར། འདི་ལོའི་མདའ་དམག་དུས་ཆེན་དུ་རྟ་རྒྱུག་དང་གཡག་རྒྱུག མདའ་བརྒྱབ་པ། རྡོ་དབྱུག་པ། ཕོ་མོའི་ཐག་འཐེན། གཉའ་བཅག རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཕུད། ད་དུང་དངོས་ལྗོངས་ཟློས་གར་ཆེ་གྲས“རྒྱལ་རྩེའི་རྗེས་ཤུ”ཞེས་པ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱི་རྟ་རྩལ་རུ་ཁག་གིས་ངོ་འཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་རེད།

མདའ་དམག་དུས་ཆེན་ནི་རྒྱལ་རྩེ་རྫོང་གི་སྲོལ་རྒྱུན་གྱི་དམངས་ཁྲོད་དུས་ཆེན་ཞིག་ཡིན་པ་དང་། ད་བར་ལོ་ངོ600ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2008ལོར། རྒྱལ་རྩེའི་མདའ་དམག་དུས་ཆེན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་ཡིག་གནས་གྲས་སུ་འཇོག་ཡོད་པ་དང་། ད་ཆ་རྒྱལ་རྩེའི་མདའ་དམག་དུས་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་གཙོ་གནད་དམངས་སྲོལ་རིག་གནས་ཀྱི་གྲས་སུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག