མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོར་བོད་ཀྱི་མཁའ་ལམ་དུ་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི300ལྷག་ཟིན་རྩིས་་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-08-07 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་འཁོར་སྐྱོད་འགན་ལེན་ནུས་པ་དང་འཕུར་སྐྱོད་ལམ་ཐིག་དྲ་བ་ཤར་གཏོང་ཐུབ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། སྔོན་དཔག་ལྟར་ན། 2014ལོར་བོད་ཀྱིས་མཁའ་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི300ལྷག་ཟིན་རྩིས་ཡོད་པ་རེད།

གསར་འགོད་པས་སྤྱི་ཚེས4ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།《བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་མོལ་གྱི་རྩ་གནད》 ལ་མིང་རྟགས་བཀོད་ནས་ལོ་གཉིས་ནང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད། མིག་སྔར། བོད་དུ་ཡོད་པའི་མཁའ་འགྲུལ་ཀུང་སི8ཀྱིས་འཕུར་སྐྱོད་ལམ་ཐིག54བཏོད་པས་གྲོང་ཁྱེར31ལ་གནམ་གྲུ་ཤར་གཏོང་ཐུབ་ཀྱི་ཡོད་པ་རེད། ལོ་སྟོད་དུ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི132ཟིན་པ་དང་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1.15ཟིན་པ་དེ་དུས་མཚུངས་ལས་ཆ་སྙོམས་འཕར་ཚད19.8%ཟིན་ཡོད། བོད་ཀྱི་ས་ཁུལ་དྲུག་དང་གྲོང་ཁྱེར་གཅིག་གི་དམངས་སྤྱོད་སྐྱེལ་འདྲེན་གྱི་གནམ་གྲུ་ཐང5ལ་གནམ་གྲུ་ཤར་གཏོང་ཐུབ་པ་ཚང་མར་མཚན་མོ་གནམ་གྲུ་འཕུར་བབས་ཀྱི་བདེ་འཇགས་འགན་ལེན་ཐུབ་ཀྱི་ཡོད། 2013ལོར་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ངང་གནམ་གྲུ་འཕུར་བབས་གྲངས་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ཀྱི་ཆུ་ཚད་ལས་མཐོ་ཡོད་པའི་རྨང་གཞིའི་ཐོག་སྔོན་དཔག་ལྟར་ན། 2014ལོར་བོད་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི300ལྷག་ཟིན་རྩིས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཉིང་ཁྲིའི་གནམ་གྲུ་ཐང་དེ་བོད་ནས་ཕར་འགྲོ་ཚུར་འོང་གི་མཁའ་འགྲུལ་ལམ་བུ་ཨང་གཉིས་པ་གཏོད་རྒྱུར་རྒྱབ་སྐྱོར་བྱས་ནས་མཁའ་འགྲུལ་ཀུང་སིས་ཉིང་ཁྲི་ནས་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་། དེ་བཞིན་པེ་ཅིང་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་ཟུར་གསུམ་ཁུལ་གྱི་གཙོ་གནད་གྲོང་ཁྱེར་གྱི་ཐད་གཏོང་དུས་གཏན་གནམ་གྲུ་གཏོང་རྒྱུར་ལྕག་སྐུལ་དང་། མ་གནས་དམའ་བའི་མཁའ་འགྲུལ་ཀུང་སི་བོད་དུ་བཅའ་སྡོད་བྱེད་པའམ་ཡང་ན་བོད་ཀྱི་མཁའ་ལམ་ཐོག་འཕུར་སྐྱོད་བྱ་རྒྱུར་ལྕག་སྐུལ། ཆ་རྐྱེན་ཡོད་པའི་མཁའ་འགྲུལ་ཀུང་སིས་ལྷ་ས་དང་ཉིང་ཁྲི་སོགས་ཀྱི་གནམ་གྲུ་ཐང་དུ་རྟེན་གཞི་འཛུགས་རྒྱུར་ལྕག་སྐུལ། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་ས་མཐོར་འཚམ་པའི་གནམ་གྲུ་ནང་འདྲེན་བྱས་ནས་ལྗོངས་ནང་ཁུལ་དང་བོད་ནས་ཕར་འགྲོ་ཚུར་འོང་གི་དུས་གཏན་གནམ་གྲུ་གཏོང་རྒྱུར་རྒྱབ་སྐྱོར། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་དང་འཕྲལ་སྡོམ་མྱུར་སྐྱོབ་འཆར་འགོད་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཕྱི་རྒྱལ་ནང་གི་གནམ་གྲུ་བཟོ་སྐྲུན་ཁེ་ལས་ཀྱིས་ས་མཐོར་གཏོང་ཐུབ་པའི་སྤྱི་སྤྱོད་གནམ་གྲུ་ཞིབ་བཟོ་བྱ་རྒྱུར་ལྕག་སྐུལ་བཅས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག