མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭས་ད་ལོར་སློབ་མ2997བསྡུ་ལེན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-07 10:19

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་བོད་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དང་། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་ཐེངས་བཞི་པའི(བོད་ལྗོངས་ནང་ཁོངས་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ)སློབ་མ་བསྡུ་བའི་ལས་དོན་བདེ་བླག་ངང་མཇུག་སྒྲིལ་བ་རེད། སློབ་མ་བསྡུ་བའི་སློབ་གྲྭ་བསྡོམས་པས8ཡོད་པ་དང་། ཆེད་ལས98ཡོད་ལ། བསྡོམས་པས་སློབ་མ10752བསྡུས་ཡོད་པ་རེད། དེའི་ནང་། གྲང་ཉུང་མི་རིགས་ཀྱི་སློབ་མ10541ཡོད་པ་དང་། རྒྱ་རིགས་སློབ་མ211ཡོད་ལ། སློབ་མ་ཕོ6171དང་། སློབ་མ་མོ4581ཡོད་པ་རེད།

སློབ་མ་གསར་པ་བསྡུ་བའི་ནང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོས་སློབ་མ2217བསྡུ་ལེན་བྱས་པ་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་སློབ་མ780བསྡུ་ལེན་བྱས། གཞིས་རྩེ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ3626དང་། ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ998། ཉིང་ཁྲི་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ1251། ཆབ་མདོ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ1236། ནག་ཆུ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ591། མངའ་རིས་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ53བཅས་བསྡུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག