མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོའི་ལོ་སྟོད་དུ་བོད་ལྗོངས་ནང་ཁུལ་དུ་མི་ཁྲི1.67ལས་ལ་ཞུགས་པ་མངོན་འགྱུར་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-07 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན་གྱི་སྔ་དྲོ། བོད་ལྗོངས་ཡོངས་ཀྱི་ལས་ཞུགས་བྱ་བའི་བཀོད་གཏོང་ཚོགས་འདུ་ལྷ་ས་ནས་བསྡུས། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཡོངས་སུ་མི་ཁྲི1.67ལས་ལ་ཞུགས་ཐུབ་པ་མངོན་འགྱུར་བྱས་ཤིང་། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.5%ཡི་ནང་ཚོད་འཛིན་བྱས་ཡོད་པ་རེད།

ད་ལོར་རང་ལྗོངས་ཀྱི་ལས་ཞུགས་ཞབས་ཞུ་བྱ་བའི་ཚོགས་སྤྱི་གཙོ་བོ་ནི་མཐོ་སློབ་མཐར་ཕྱིན་སློབ་མ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་ལྷག་མ། ལས་ལ་ཞུགས་དཀའ་བའི་ཚོགས་སྤྱི་བཅས་ཡིན། ད་ལོའི་ལོ་སྨད་དུ། བོད་ལྗོངས་ཀྱིས་མུ་མཐུད་དུ་ལྗོངས་ནང་ཁུལ་གྱི་ལས་གནས་གསར་གཏོད་དགེ་རྒན་དང་། རྣམ་གྲངས་མཛོད། ཆེད་མཁས་པའི་མཛོད་སོགས་ལས་ཞུགས་རྗེས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ལས་གནས་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་རྒྱུ་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག