མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་་སྲུང་སྐྱོང་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2014-08-07 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ལ་བརྒྱུད་འཛིན་དང་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་གང་ལེགས་སུ་གཏོང་ཆེད། ཆབ་མདོ་ས་ཁུལ་རིག་གནས་ཅུའུ་ཡིས་དབྱར་གནང་སྐབས་སུ་དམངས་ཁྲོད་གླུ་གར་བརྒྱུད་འཛིན་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ཆབ་མདོ་ས་ཁུལ་གྱི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་སྐོར་ཞིག་དང་། ས་ཁུལ་གྱི་མང་ཚོགས་སྒྱུ་རྩལ་ཁང་། གཙང་གསུམ་ཇ་རྟའི་སྒྱུ་རྩལ་ཚོགས་པ་བཅས་ཀྱི་ཆེད་ལས་དགེ་རྒན་གདན་དྲངས་ཏེ་ཆབ་མདོ་ས་ཁུལ་གྱི་ཚོད་ལྟའི་སློབ་ཆུང་གི་ཞབས་བྲོ་ཁང་ནས་གླུ་གར་ཆེན་པོ་གསུམ་བྱང་ཆུབ་པ་ཡོང་བ་དང་གོང་འཕེལ་བྱུང་བའི་གསོ་སྦྱོང་སྤེལ།

དཔེ་ཁྲིད་ལ་སློབ་ཁྲིད་དང་སློབ་གསེང་གཉིས་མཉམ་འབྲེལ་བྱེད་པའི་སློབ་གསོའི་མཛུབ་སྟོན་བྱེད་ཐབས་བེད་སྤྱད་དེ། ཡུལ་དངོས་སུ་ཐད་ཀར་སློབ་ཁྲིད་བྱེད་པ་གཙོར་བཟུང་བས། དཔེ་ཁྲིད་ཡུལ་དངོས་ཀྱི་རྣམ་པར་གསོན་ཤུགས་རྒྱས་ཡོད་དེ། སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་པའི་འདུན་པ་ཧ་ཅང་མཐོ། ཆབ་མདོ་ས་ཁུལ་ཚོད་ལྟའི་སློབ་ཆུང་དང་། ཐན་ཅིན་སྒྱུ་རྩལ་ལས་རིགས་སློབ་གླིང་ཆབ་མདོ་འཛིན་གྲྭའི་སློབ་མ60། དེ་མིན་རྫོང11གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སློབ་མ200ཐེངས་འདིའི་གསོ་སྦྱོང་ཁྲོད་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག