མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ8པའི་ཚེས26ཉིན་སྤེལ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-06 11:12

ཟླ8པའི་ཚེས5ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། གཞིས་རྩེ་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ8པའི་ཚེས26ཉིན་ནས་ཚེས31ཉིན་བར་སྤེལ་རྒྱུ་ཡིན་པར་ཐག་བཅད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཞིས་རྩེ་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ8པའི་ཚེས26ཉིན་ནས་ཚེས31ཉིན་བར་སྤེལ་རྒྱུ་ཡིན་ཞིང་། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་བྱ་ནི“ངོ་མཚར་ལྡན་པའི་ཇོ་མོ་གླང་མ། ཡིད་དབང་འཕྲོག་པའི་དབུས་གཙང་། བཀྲ་ཤིས་པའི་གཞིས་ཀ་རྩེ”ཞེས་པ་དེ་ཡིན།

གཞིས་རྩེ་ས་ཁུལ་ས་གནས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། ས་གནས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་རུང་ཞིན་ལུང་གིས་བཤད་རྒྱུར། ཐེངས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལས་དབུས་གཙང་ས་ཁུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ་གཙོར་བཟུང་ནས། བྱ་འགུལ་ཆེན་པོ9དང་བྱེ་བྲག་གི་བྱ་འགུལ9སྤེལ་རྒྱུ་ཡིན་པར་ཇུས་འགོད་བྱས་ཡོད་ཟེར།

“མིག་སྔར། ཚོགས་རའི་འཛུགས་སྐྲུན་དང་། ལེ་ཚན་སྔོན་སྦྱོང་། དྲིལ་བསྒྲགས་ཇུས་འགོད། གནས་སྐོར་སྣེ་ལེན། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་། ཁོར་ཡུག་སྒྲིག་བཅོས། བདེ་འཇགས་འགན་སྲུང་བཅས་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ང་ཚོས་ངེས་པར་དུ‘བརྗོད་བྱ་འབར་དུ་ཐོན་པ་དང་། ཁྱད་ཆོས་མངོན་གསལ་ཡིན་པ། དོན་དངོས་དང་བསྟུན་ཞིང་གྲོན་ཆུང་ཡིན་པ། བདེ་འཇགས་འཆམ་མཐུན’ཅན་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཞིག་སྤེལ་རྒྱུ་ཡིན”ཞེས་གཞིས་རྩེ་ས་ཁུལ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལུའུ་ཅུས་ཧྥུན་གྱིས་ཡིད་ཆེས་ལྡན་པའི་སྒོ་ནས་དེ་ལྟར་བཤད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག