མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་ལོ་སྟོད་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་བ་མི་ཐེངས་ཁྲི132སྐྱེལ་འདྲེན་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་ད྄་བ།  2014-08-06 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་བ་མི་ཐེངས་ཁྲི132སྐྱེལ་འདྲེན་བྱས་ཤིང་། དངོས་ཟོག་ཏུང་ཁྲི1.15སྐྱེལ་འདྲེན་བྱས་ཏེ། དུས་མཉམ་ལས་ཆ་སྙོམས་སུ19.8%འཕར་ཡོད་པ་རེད།

དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་ཀྲའུ་ལའེ་ཀྲིན་གྱིས་ཉེ་སྔོན་ཚོགས་པའི་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་སྙོམས་སྒྲིག་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་གཉིས་པའི་སྟེང་བསྟན་དོན། 2012ལོའི་ཟླ6པ་ནས་བཟུང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་བ་སོ་སོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། ད་ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱི་མཁའ་སྐྱོད་སྐྱེལ་འདྲེན་སྤྱི་གྲངས་བསྟུད་མར་འཕར་སྣོན་ཆེན་པོ་བྱུང་ཡོད་པ་མ་ཟད། མཁའ་སྐྱོད་ལམ་ཐིག་དྲ་བ་མུ་མཐུད་དུ་རྒྱ་བསྐྱེད་དེ། གནམ་གྲུ་ཐང་གི་བཀོད་སྒྲིག་དང་རྨང་གཞི་སྒྲིག་ཆས་ཀྱང་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ། དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག