མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་བྱ་བ་བཀོད་སྒྲིག་བྱས།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-06 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་གྲོང་ཚོ་དང་སྡོད་དམངས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཚོ་དང་སྡོད་དམངས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་བྱ་བའི་ཚོགས་འདུའི་དགོངས་དོན་ལ་ལག་ལེན་མཐར་ཕྱིན་བྱས་ཏེ། ས་ཁུལ་གྱི་གྲོང་ཚོ་དང་སྡོད་དམངས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་བྱ་བར་བཀོད་སྒྲིག་ནན་མོ་བྱས་ནས། རྫོང(གྲོང་ཁྱེར)སོ་སོ་ཨུ་ཡོན་ལྷན་ཁང་དང《ས་ཁུལ་གྱི་གྲོང་ཚོ་དང་སྡོད་དམངས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ》ཡི་གན་རྒྱ་བཞག

ཚོགས་འདུའི་སྟེང་བསྟན་དོན། རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་སྐབས་བརྗེ་བའི་བྱ་བ་དེ་གྲོས་གཞི་སྟེང་བཏོན་ཏེ། གྲོང་ཚོ་དང་སྡོད་དམངས“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བའི་བྱ་བ་དེ་ནི་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་བྱ་བ་གལ་ཆེན་དུ་བཟུང་ནས་སྒྲུབ་དགོས་པ་མ་ཟད། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་ཐེངས་གཉིས་བ་སྤེལ་བའི་གནད་དོན་ཤུགས་ཞན་ས་ཐག་གཅོད་པའི་གནད་འགག་ཏུ་བཟུང་ནས་འཛིན་དགོས། དེ་མིན་ཆབ་སྲིད་ཀྱི་འགན་ཁུར་འདུ་ཤེས་མཐོན་པོ་དང་། གཟབ་ནན་ཞིབ་ཕྲ། བདེན་འཚོལ་དངོས་བསྟུན་གྱི་བྱེད་ཐབས་ལ་བརྟེན་ནས། མགོ་ཁྲིད་ལ་ཤུགས་སྣོན་དང་། རྩ་འཛུགས་ནན་མོ་བྱས་ཏེ། སྐབས་བརྗེ་བའི་བྱ་བ་ཡོངས་སུ་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག