མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་ཐད་ཀྱི་རིགས་གཉིས་པའི་བརྟག་དཔྱད་བདེ་བླག་ངང་ལེགས་འགྲུབ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-08-05 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་ཐད་ཀྱི་རིགས་གཉིས་པའི་བརྟག་དཔྱད་གྲུབ་འབྲས་ལ་ཉེ་དུས་རིགས་གཅིག་མཁས་དབང་གི་དཔྱད་དཔོག་ཐུབ་པ་དེའི་ཐོག་ནས། རང་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་ཐད་ཀྱི་རིགས་གཉིས་པའི་བརྟག་དཔྱད་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་མཚོན་གྱི་ཡོད་པ་རེད།

ལོ10ཙམ་རིང་སྐྱེ་ཁམས་འཛུགས་སྐྲུན་བྱས་པ་བརྒྱུད། རང་ལྗོངས་ཀྱི་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་དང་གསོག་ཚད་གཉིས་ཀ་འཕར་སྣོན་བྱུང་བ་དང༌། ལྗོངས་ཡོངས་ཀྱི་རྫོང74ཚང་མར་ནགས་ཚལ་ཁྱབ་ཡོད་ཅིང་། སྲོལ་རྒྱུན་དོན་སྙིང་ཐོག་གི་ནགས་ཚལ་མེད་པའི་རྫོང་མེད་པ་བཟོས་པ་དང༌། སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གྱིས་སྔོན་དཔག་ཕན་འབྲས་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད།

ཐེངས་འདིའི་བརྟག་དཔྱད་ཀྱིས་ཁྱོན་ཡོངས་ནས་ལྗོངས་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་སྐྱེ་ཁམས་ཀྱི་གནས་ཚུལ་བརྟག་དཔྱད་གསལ་པོ་བྱས་ནས། རང་ལྗོངས་ཀྱི་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་འཛུགས་སྐྲུན་དང་། ནགས་ལས་བྱ་གཞག་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་རྒྱུར་རྨང་གཞི་ཡག་པོ་འདིང་ཐུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག